འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མགྱོགས་མྱུར་ངང་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་དང་། ཞིབ་འཇུག་སྤེལ་རེས། ལག་ལེན་ལག་བསྟར་སོགས་ཐབས་ལམ་སྣ་མང་གི་ཐོག་ནས་ཟབ་སྦྱོང་མཐིལ་རྟོགས་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བོད་ཤར་ས་ཆེན་ཐོག་ཏུ་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས་དངོས་སྒྲུབ་ལས་རྗེས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པ”རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པར་བསུ་བ་བྱེད་དགོས།
ཁྲིམས་སྐྱོང་དར་ན་རྒྱལ་ཁབ་དར། ཁྲིམས་སྐྱོང་སྟོབས་ན་རྒྱལ་ཁབ་སྟོབས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་ནས་དུས་རབས་གསར་པའི་ཁྲིམས་འཛིན་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དུས་ཐོག་ཏུ་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། འདྲི་གཅོད་ལག་བསྟར་དཀྱིལ་སྙིང་ཡིན་པའི་འགན་ནུས་ལ་དམིགས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ཁྲིམས་འཛིན་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་ཞུགས་པར་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་འདེགས་དང་འགན་སྲུང་བྱས་ཡོད།
ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་འཕེལ་རྒྱས་སྣེ་ཁྲིད་ཀྱི་སྒུལ་ཤུགས་དང་པོ་དེ་ཡིན་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོ་དེ་ཡིན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས“སྒུལ་ནུས་གསར་པ་གང་མགྱོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ”སོགས་ཀྱི་ལས་འགན་གཙོ་བོ་ཁ་གསལ་བཏོན་ནས་ཚན་རྩལ་ལས་དོན་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་སུ་བསྐྱོད་ན་གང་སར་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ལས་བྱེད་ལས་བཟོ་པའི་ཆབ་མདོའི་དོན་དངོས་དང་འབྲེལ་ཏེ་བསམ་ཕྱོགས་གླེང་ཞིང་བྱ་ཐབས་གཏན་འཁེལ་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཤར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབད་འབུངས་བྱེད་བཞིན་ཡོད།
གཞི་རིམ་ནི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཡིན་ལ། གཞི་རིམ་བཅོས་སྐྱོང་ནི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་འགག་རྩའི་ལྷུ་ཚིགས་དེ་ཡིན། ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་བདེ་སྐྱིད་སྲང་ལམ་དུ་ལས་བྱེད་མང་ཚོགས་མཉམ་གཅིག་ཏུ་འཛོམས་ནས་གཅིག་སྡུད་སློབ་སྦྱོང་བྱེད་པ་དང་། ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དེ་ཉིད་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་མཐུན་སྒྲིལ་འབད་འཐབ་ཁྲོད་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད།

