国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月24日

གྲོང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།

རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གནས་ཚུལ་སྙན་སེང་ལ་གསན་པ་དང་། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་ཡོད།

ཚོགས་འདུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》ནི་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་གཞུང་དང་། ལམ་ལུགས། ལག་ལེན་གྱི་གྲུབ་འབྲས་བཅས་ལ་འདུས་གྲུབ་གཏིང་ཟབ་བྱས་ཡོད་པས། དེ་ནི་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་སྔར་བས་བརྟན་པོ་མཁོ་འདོན་བྱས་ཡོད་ལ། གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པར་དེ་བས་ཐུན་མོང་མ་ཡིན་པའི་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྟན།

ཚོགས་འདུ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་སྦྱོང་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་དངོས་ཡོད་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ་ཇི་མ་ཇི་བཞིན་སྦྱོང་བ་དང་། ལེའུ་དང་དོན་ཚན་རེ་རེ་བཞིན་སྦྱོང་བ། སློབ་སྦྱོང་བྱས་ཏེ་ནུས་པ་མཐོར་འདེགས་དང་། འཇོན་ཐང་ཆེ་བ་བཅས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོན་པོའི་སྲུང་སྐྱོབ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཁོར་ཡུག་ལྟ་སྐུལ་དག་ཐེར་རྒྱུན་མཐུད་ངང་དམ་འཛིན་བཅས་བྱས་ཏེ། ས་གཞི་ལྗང་ཞིང་ཁོར་ཡུག་མཛེས་ལ་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གྲོང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུ་ཞུགས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》ལ་2026ལོའི་ཟླ་3ཚེས་12ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་ཨང་བདུན་ཅུ་པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ་8ཚེས་15ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།