འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་དང་རྒྱལ་ཡོངས་ཤེས་དཔལ་གྲོང་སྡེའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་ནང་། དཔལ་འབར་རྫོང་ནས་གཏམ་བཟང་ཞིག་གོ་བྱུང་། དེ་ནི་ཀྲུང་གོ་གློག་འཕྲིན་བོད་ལྗོངས་དཔལ་འབར་རྫོང་ཡན་ལག་ཀུང་སི་དང་ཉི་མོ་ཤང་ཞོལ་པ་གྲོང་ཚོའི་གཞུང་དབང་མིན་པའི་དཔལ་འབྱོར་ཏང་ཀྲི་པུའུ་གཉིས་ལ་རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་ཀྱི་མཚན་སྙན་ཐོབ་པ་དང་། དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ལ་རྒྱལ་ཡོངས་ཤེས་དཔལ་གྲོང་སྡེའི་མཚན་སྙན་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཤེས་དཔལ་སྐྱེད་སྲིང་དང་ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་ཁས་ལེན་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འབུར་དུ་ཐོན་པའི་སྔོན་ཐོན་དཔེ་མཚོན་ཁག་ཅིག་གསོ་སྐྱོང་ཐུབ་ཡོད་པ་རེད།

