国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月20日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་ནོར་མ་གྲོང་ཚོར་ཚ་ཚ་འུར་འུར་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་ལྷ་ཐོག་ཤང་ནོར་མ་གྲོང་ཚོས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། གྲོང་ཚོ་ཧྲིལ་བོའི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མ་ལྷན་གཅིག་ཏུ་འཛོམས་ཏེ་གླུ་གཞས་དང་ཞབས་བྲོའི་ཐོག་ནས་དུས་རབས་གསར་པའི་གྲོང་གསེབ་ཀྱི་དབྱངས་རྟ་ཤུགས་ཀྱིས་གྱེར་ཡོད།

ལྷ་ཐོག་ཤང་ནོར་མ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཅང་ཧྲི་ཝེ་ཡིས། ཐེངས་འདིའི་བྱེད་སྒོ་སྒྲུབ་པ་ཧ་ཅང་ལེགས་གྲུབ་བྱུང་སོང་། དེས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད་དེ་བས་ཀྱང་ཚང་མའི་ནང་གནས་ཀྱི་སྒུལ་ཤུགས་ལ་སྐུལ་སློང་ཐུབ་ནས་མི་སེམས་གཅིག་སྒྲིལ་དང་ངར་ཤུགས་སློང་བའི་ཕན་འབྲས་བྱུང་ཡོད། ང་ཚོས་ཀྲི་པུའུ་ཡིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཞུགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་མཉམ་དུ་ཇུས་གཞིར་ཞིབ་འཇུག་དང་དུད་འཛུལ་སྐུལ་སློང་བྱས་ཏེ་བྱེད་སྒོ་འདི་ཉིད་མང་ཚོགས་དང་འབྲེལ་འདྲིས་ཆེ་ཞིང་དགའ་མོས་ཡོད་པ་དང་ཕན་འབྲས་ལྡན་པ་ཞིག་ཏུ་འགན་ལེན་བྱ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

“དེ་རིང་གི་བྱེད་སྒོ་འདི་ནི་ཧ་ཅང་ཡག་པོ་འདུག ང་རང་གིས་བྱེད་སྒོ་འདི་བརྒྱུད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐོར་བྲོ་དང་། གདོད་མའི་གླུ་གར། དམངས་ཁྲོད་ཀྱི་གླུ་སོགས་བརྒྱུད་འཛིན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་པོ་ལྡན་ཡོད་པར་འདོད”ཅེས་ལྷ་ཐོག་ཤང་ནོར་མ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་གྲོང་ཚོའི་ཀྲུའུ་རེན་འཕྲིན་ལས་བསྟན་འཛིན་གྱིས་དེ་ལྟར་བཤད།