国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月20日

ཆབ་མདོ་གྲོང་ཁྱེར་གྱིས2026ལོའི《རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས》གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས14ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་ནག་སེལ་གཞུང་དོན་ཁང་གིས་ཆེད་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ཏེ། ཇ་རྟ་ཐང་ཆེན་དང་། བཅིངས་འགྲོལ་ཐང་ཆེན། སྟག་རྩ་ཐང་སྲང་ལམ་སོགས་ས་ཁོངས་གཙོ་བོར《རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས》གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལུགས་ཀྱི་ཤེས་ཚད་དང་ཞུགས་ཚད་ཏན་ཏིག་གིས་ཆེ་རུ་ཕྱིན་པ་དང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་བཀོད་སྒྲིག་གསར་པ་གཏིང་ཟབ་ལག་བསྟར་བྱས་ཏེ་གནད་སྨིན་རྡུང་རྡེག་དང་། རྒྱབ་རྩ་གཏོར་བ། འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུ་དེ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ཐོག་ཁྱོན་ལས་དོན་མི་སྣ300ལྷག་ཞུགས་པར་སྒྲིག་འཛུགས་བྱས་ཏེ་ཞུགས་པ་དང་། སྦྱར་ཡིག་དང་དེ་བཞིནLEDབརྙན་ཤེལ་ཐོག་དྲིལ་བསྒྲགས་སྦྱར་ཡིག111 འགེལ་བ། དྲིལ་བསྒྲགས་དཔྱད་ཡིག300ལྷག དྲིལ་བསྒྲགས་དངོས་པོ2000ལྷག་སྤྲད་པ། མང་ཚོགས་བློ་འདྲི་བྱེད་མཁན230སྣེ་ལེན་ཞུས་ནས་ནག་སེལ་གཤེད་བཅོམ་རྒྱུན་བཅོས་ཡུན་ཕན་གྱི་རྣམ་པ་བཟང་པོ་བསྐྲུན་ཡོད།