国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月20日

ཁྲིམས་སྐྱོང་གིས་དམངས་འཚོ་སྲུང་། བདེ་འཇགས་ཀྱི་སྟེང་ཆེན་བསྐྲུན།

སྟེང་ཆེན་རྫོང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས12ཉིན་ནས་ཚེས14ཉིན་བར། སྟེང་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྣེ་ཁྲིད་དེ་ཚན་པ8དང་མཉམ་འབྲེལ་སྒོས་འབོ་ཐ་ཤང་དང་། ས་སྒང་ཤང་། སེར་ཚ་ཤང་བཅས་སུ“ཁྲིམས་སྐྱོང་གིས་དམངས་འཚོ་སྲུང་། བདེ་འཇགས་ཀྱི་སྟེང་ཆེན་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

སྒྲོག་འགྲེལ་ནང་སྒྲོག་འགྲེལ་ཚོགས་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས》དེ་བཞིན《ཡིག་སྐུར་ངོ་གཏུག་སྐོར་གྱི་སྲོལ་ཡིག》སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་དོན་ལ་དམ་པོར་དམིགས་ཏེ། ཁ་ཕྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ། མེ་ཟོན་བདེ་འཇགས། ནགས་ཚལ་མེ་འགོག འགལ་ཟླའི་རྩོད་གཞི་འདུམ་འགྲིག ལོ་ན་མ་སོན་པའི་མི་སྲུང་སྐྱོབ། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ། རྒན་གསོ་ཁ་བསླུས་འགོག་ཟོན། ཁྲིམས་ལྟར་ཡིག་སྐུར་ངོ་གཏུག་སོགས་ཀྱི་ཤེས་བྱ་གལ་ཆེན་ཁྱབ་གདལ་བཏང་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་མང་ཚོགས་དང་ཉེ་བར་བཅར་བ་དང་། ཁྱོན་དྲིལ་བསྒྲགས་ཡིག་ཆ800ལྷག་སྤྲད་དེ་མང་ཚོགས1100ལྷག་ལ་སློབ་གསོ་ཐེབས་ཏེ་གཞི་རིམ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འདུ་ཤེས། བདེ་འཇགས་འགོག་ཟོན་ནུས་པ་དང་ཁྲིམས་ལྟར་ཡིག་སྐུར་ངོ་གཏུག་གི་འདུ་ཤེས་བཅས་སྔར་བས་ཆེ་རུ་ཕྱིན་ནས་བདེ་འཇགས་སྟེང་ཆེན་དང་ཁྲིམས་སྐྱོང་སྟེང་ཆེན་འཛུགས་སྐྱོང་བྱེད་པའི་གཞི་རིམ་གྱི་སྲུང་ར་བརྟན་དུ་ཕྱིན་ཡོད།