འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་རེའི་གྲོང་ཁྱེར་གྱི་ཚན་པ་ཁག་གིས་མགྱོགས་མྱུར་ངང་ལས་བྱེད་ལས་བཟོ་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པའི་ཁར། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་བ་དང་། བསམ་ཕྱོགས་གསལ་བ། བྱ་ཐབས་གཏན་འཁེལ་གྱིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཏན་ཏིག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་དངོས་ཡོད་ཕན་འབྲས་སུ་འགྱུར་བར་བྱས་ཡོད།
གྲོང་ཨུད་ཏང་གི་སློབ་གྲྭ་ནི་ཏང་གི་བསམ་བློའི་རིགས་གཞུང་འཛུགས་སྐྲུན་བྱེད་པའི་གལ་ཆེའི་གཡུལ་ས་དང་ལས་བྱེད་པར་སློབ་གསོ་གསབ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་བརྩིས་ཏེ་མགྱོགས་མྱུར་ངང་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་རེད།
གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་བགྲོ་གླེང་། མི་སྒེར་གྱི་རང་སྦྱོང་སོགས་ལ་བརྟེན་ནས། དགེ་རྒན་དང་ལས་བཟོ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་ཞིབ་ཀློག་བྱས་ཏེ། ཚོགས་འདུ་གཉིས་ཀྱིས་བཏོན་པའི་དགོངས་པ་གསར་པ་དང་། ཆོད་དོན་གསར་པ། བཀོད་སྒྲིག་གསར་པ་བཅས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཡོད།
རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། འཛད་སྤྱོད་ཆེར་སྤེལ། ཕྱི་ཕྱོགས་སྒོ་དབྱེ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་བཅས་ལ་བཀོད་སྒྲིག་གལ་ཆེན་གནང་བ་དེས་ཚོང་དོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་ལམ་གསལ་སྟོན་བྱས་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་འགན་ནུས་འགན་འཁྲིར་དམིགས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ལ་བགྲོ་གླེང་གཏིང་ཟབ་བྱེད་པ་དང་། ཚོགས་འདུ་གཉིས་ཀྱི་དགོངས་དོན་ཚོང་དོན་བྱ་གཞག་སྐུལ་སྤེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི“ཚོང་དོན་སྒུལ་ནུས”ནུས་ཤུགས་ཡོད་རྒུས་ནུས་སློང་བྱས་ཡོད་པ་རེད།
རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་ཡོང་བར་བཀོད་སྒྲིག་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པར་མཚོན་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་པའི་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ་བདེ་ཐང་གི་འགན་འཁྲི་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་འགོག་ར་ནུས་ཤུགས་ཡོད་རྒུས་བརྟན་པོ་བཙུགས་ཡོད།

