འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས92པ་དང་ཏང་ཙུའི2026ལོའི་ཚོགས་འདུ་ཐེངས3པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐན་ཧའོ་ཡིས་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ཆབ་མདོའི་ལས་དོན་ཁག་ལ་གཅིག་གྱུར་ཐོག་དམ་འཛིན་ལྷོད་མེད་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་མདོའི་དོན་དངོས་ལ་གཞི་ཚུགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་སེམས་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བར་བརྩེ་སེམས་ལ་བརྟེན་ནས་ཞིང་འབྲོག་པའི་འབབ་འཕར་དང་།སློབ་གསོའི་སྨན་བཅོས།སྡོད་ཁང་འགན་ལེན་སོགས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཁྲོད་ནུས་རྒྱུ་གཙང་མ་དང་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཁྲོད“རྒྱུད་གཅིག་ལམ་གཅིག”དང་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དང་རྣམ་གྲངས་གལ་ཆེན་ནང་རང་འགུལ་ངང་འདྲེས་ནས་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག“ལས་འགན་ཁག་དགུའི་འདེགས་སྐྱོར”དང“3+1+1”གི་ལས་དོན་ཁག་ལྔར་དམ་པོར་དམིགས་པ་དང་། ཐོན་ལས་སྐྱེད་སྲིང་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། དམངས་འཚོའི་བྱ་གཞག་ལེགས་གཏོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ནུས་ཤུགས་འདོན་པ་དང་ཇུས་འདོན་གནད་སྨིན་བྱས་ཏེ་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

