国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月20日

གྲོང་ཨུད་ཀྱིས་གཅིག་སྡུད་བཅོས་སྒྲིག་གི་ཐག་གཅོད་དམག་འཐབ་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱིས་གཅིག་སྡུད་བཅོས་སྒྲིག་གི་ཐག་གཅོད་དམག་འཐབ་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།

ཚོགས་འདུ་ཡིས་མང་ཚོགས་ཉེ་གམ་གྱི“ཆུང་ཟ་ཆུང་རུལ”ནི་ཕྱི་ཚུལ་དུ“ཁྲག་འཇིབ་པ”ཉུང་ཙམ་ལས་མེད་མོད་དོན་དངོས་སུ་མི་དམངས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད། གཞི་རིམ་གྱི“རུལ་སུངས་ཙག་ཙིག”གཙང་ཕྱགས་བྱས་ཏེ་མང་ཚོགས་ཀྱི“སུན་སྣང་བྱེད་ས”ཐག་གཅོད་ཐུབ་ན། ཆབ་མདོར་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་གཞི་ནས་སྲ་བརྟན་དུ་གཏོང་ཐུབ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་རྣམ་འགྱུར་ནན་ཤོས་དང་བྱ་ཐབས་ཆེ་ཤོས། སྤྱོད་ཚུལ་ཏན་ཤོས་སྤྱད་དེ་གཅིག་སྡུད་བཅོས་སྒྲིག་གི་ཐག་གཅོད་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁབ་ཐོབ་པར་བརྩོན་ལེན་བྱས་ནས་མང་ཚོགས་ཀྱིས་འཕོ་འགྱུར་གསར་པ་ཚོར་བ་དང་ཁེ་ཕན་ངོ་མ་ཐོབ་ཐུབ་པ་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་མང་ཚོགས་ཀྱིས་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དང་གང་ཞིག་ལ་འཁོན་འཛིན་ཆེན་པོ་བྱེད་ན། ང་ཚོས་དེར་མཐའ་གཅིག་ཏུ་འགོག་ཟོན་དང་ཡོ་བསྲང་བྱེད་དགོས། “ཆེད་དོན་བཅོས་སྒྲིག”གིས་སྤྱོད་ངན་ཐག་གཅོད་བྱེད་དགོས་ཤིང་། གྲོང་གསེབ་ཀྱི་ཐུན་མོང་གི“མ་དངུལ་གསུམ”དོ་དམ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ། རྒན་གསོ་ཞབས་ཞུ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སོགས་ལ་དམིགས་ཏེ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་རིགས་ཞིབ་བཤེར་ནན་པོ་བྱེད་དགོས། “གྱོད་སྒྲུབ་ཁྲིད་སྟོན”གྱིས་འགག་སྒོ་ཕྱེས་དགོས་ཤིང་། འགལ་རྐྱེན་མང་ཞིང་འགོག་རྐྱེན་ཆེ་བའི་མང་ཚོགས་ཀྱིས་ཡང་ཡང་ཐེར་འདོན་བྱེད་པའི་གནད་དོན་འགག་སྒྲོལ་གཙོ་བོར་བརྩིས་ཏེ་ཤུགས་རྐྱེན་དང་གྲངས་འབོར་ཡོད་པའི་དཔེ་མཚོན་གྱོད་གཞི་ཁག་ཅིག་རྩད་ཆོད་པ་བྱེད་དགོས།“དོན་དངོས་བསྒྲུབ་ནས”དམངས་སེམས་བདེ་ལ་འགོད་དགོས་ཤིང་། རྩིས་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། ཞིབ་ཕྲ་ཅན་གྱི་དོན་འཁྱོལ་བཅས་བྱས་ཏེ་དམངས་འཚོའི་དོན་དངོས་ཁག་དོན་ཐོག་ཏུ་འཁྱོལ་ཏེ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པ་ཐོབ་པར་འགན་ལེན་བྱེད་དགོས། “ལམ་ལུགས་རྩ་བཅོས”ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།“ཕྱོགས་དྲུག་གི་མངགས་ཐོའི”སྒྲིག་གཞི་སྤྱད་དེ་དཔེ་མཚོན་གྱོད་གཞི་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས“གྱོད་དོན་གཅིག་ལ་ཞིབ་བཤེར་བྱས་ཏེ་ས་ཁོངས་གཅིག་ལ་ཉེན་བརྡ་གཏོང་བ་དང་ས་ཁོངས་ཧྲིལ་པོར་བཅོས་སྐྱོང་བྱེད་པའི”ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།

2025ལོར། གྲོང་ཁྱེར་ཡོངས་སུ་གནད་དོན་གྱི་ཁུངས་སྣེ294དབྱེ་བཤེར་བྱས་པ་དང་། གྲོས་གཞི145སྒྲུབ་ཁོངས་སུ་བཅུག་པ། མི143ཆད་པ་བཅད་པ། མི29ཟུར་ཏུ་བཀག་པ། མི16ཁྲིམས་འཛིན་ལ་རྩིས་སྤྲད་པ་དང་། མང་ཚོགས་ཉེ་གམ་གྱི་སྨན་བཅོས་དང་། བཟའ་བཏུང་། སྡོད་ཁང་། འགྲོ་སྐྱོད། ཡོང་འབབ་སོགས་ཀྱི་གནད་དོན9008ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཞིང་། མང་ཚོགས་རྒྱུ་ནོར་སྒོར་ཁྲི8329ཕྱིར་སྤྲད་ཡོད་པ་རེད།