འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད།
ཚོགས་འདུ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱས་ནས་དོན་ངོ་མའི་ཐོག་ནས་དགོངས་དོན་གཞི་རིམ་དུ་བརྒྱུད་བསྒྲགས་ཐུབ་པ་བྱེད་དགོས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཆོས་དང་ཤུགས་རྒྱག་ས་གནད་དུ་ཟིན་པར་བྱས་ཏེ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“བསྒྲུབ་ན་ཡག་སྒྲུབ་བྱེད་པ་དང་། འགྲན་ན་ཨང་དང་པོ་ལེན་པ། བྱ་བ་ཐམས་ཅད་མདུན་གྲལ་དུ་སླེབས་པ། ཅི་ལའང་རྗེས་སུ་མི་ལུས་པའི”ཁུར་ལེན་ལས་སྒྲུབ་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུ་ཡིས་རང་རེའི་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་གསན་པ་དང་། ནན་ནན་ཏན་ཏན་གྱིས་སློབ་སྦྱོང་ལ་དམ་འཛིན་བྱེད་དགོས་ཤིང་།“ཕྱོགས་ཡོངས་དང་ཆེད་དོན”“སློབ་སྦྱོང་དང་མཐིལ་རྟོགས”“ཕྱི་ཚུལ་དང་དོན་དངོས”བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་མི་སེམས་སུ་ཟུག་པར་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་དགོས། ཏན་ཏན་ཏིག་ཏིག་གིས་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། གཞི་རིམ་གྱི་འཐབ་ས་དང་པོ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་གནས་ཚུལ་མཐིལ་རྟོགས་དང་། གནད་དོན་གསལ་རྟོགས། རྒྱུ་རྐྱེན་དབྱེ་ཞིབ། བྱ་ཐབས་ཞིབ་ཕྲ་བཅས་བྱེད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་དམངས་འཚོར་ལེགས་སུ་གཏོང་བ་དང་ལས་རྗེས་ལ་བརྟེན་ནས་མི་སེམས་གཅིག་ཏུ་འགྲིལ་ཏེ་སློབ་སྦྱོང་སློབ་གསོ་འདི་ཉིད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་དང་མིག་དཔེ་སྟོན་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི”ལ་རྒྱ་དང་མཚན་སྙན་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

