འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”རབ་དང་རིམ་པའི་བྱེད་སྒོ་སྐབས་གཉིས་པའི་སྐོར་གྱི་གྲོང་ཨུད་དང་རྫོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྕགས་གོང་ཤང་གིས་དམར་མདངས་རིག་གནས་ཀྱིས་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་གཙོ་གཟུགས་ཀྱིས་ལྟེ་གནས། གྲོང་གསེབ་དར་རྒྱས་དམིགས་ཚད་དུ་བཟུང་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ། སྒྲིག་འཛུགས་སྐུལ་སློང་དང་དྲིལ་བསྒྲགས་ཁྲིད་སྟོན། རྩལ་ནུས་གསོ་སྦྱོང་། འགྲན་སྡུར་གཉེར་བ་སོགས་ལས་འགན་གཙོ་བོ་སྤྱི་འདོམས་དམ་འཛིན་གང་ལེགས་བྱས་པའི་ཁར། གཞི་རིམ་གྱི་འབད་འཐབ་སྒུལ་ནུས་ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་བྱེད་སྒོའི་ཕན་འབྲས་དེ་བསམ་བློའི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ཕྱོགས་བསྡུས་གསོ་སྐྱོང་མཐོར་འདེགས་གཏོང་བ། འཕེལ་རྒྱས་ཀྱི་ལག་ལེན་སྐུལ་འདེད་བྱེད་པ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས་རྒྱུན་མཐུད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་སྤྱི་ཚོགས་རྣམ་པ་ཟབ་མོ་ཞིག་བསྐྲུན་ཡོད།
མིག་སྔའི་བར། ཤང་ཡོངས་སུ་གྲོང་ཚོ་རིམ་པའི་ཐོག་མའི་འགྲན་སྡུར་ཁག26དང་། ཤང་རིམ་པའི་ཐོག་མའི་འགྲན་སྡུར་ཁག2བཅས་ལེགས་སྒྲུབ་བྱས་པ་དང་། བསྡོམས་རྩིས་བྱས་ན། འགྲན་ཞུགས་མི་སྣ100ལྷག་ཟིན་པ་དང་། དྲ་ཕྱིའི་ལྟད་མོ་བ་མི1000དང་དྲ་ཐོག་ཐད་གཏོང་ལྟ་མཁན་མི5000ལས་བརྒལ་ཡོད།

