འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། གྲོང་ཁྱེར་ཡོངས་ཀྱིས2026ལོའི་ཟླ3པའི་བདེ་འཇགས་འཛུགས་སྐྲུན་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྲིད་ཇུས་འགྲེལ་བཤད། བྱམས་བརྩེའི་སྨན་བཅོས། ཁྲིམས་ལུགས་བློ་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཏན་ཏིག་གིས་ཆེ་རུ་བཏང་བའི་ཁར། རྒྱུན་མཐུད་ངང་བདེ་འཇགས་ཆབ་མདོ་དང་། ཁྲིམས་སྐྱོང་ཆབ་མདོ། ཡ་རབས་ཆབ་མདོ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་བརྟན་དུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་གཞི་རིགས24000དང་། དྲིལ་བསྒྲགས་དངོས་པོ25000བཅས་སྤྲད་པ་དང་། ཁྲིམས་ལུགས་བློ་འདྲི་ཞབས་ཞུ་མི100དང་མི200ལ་སྨན་བཅོས་དང་ལེན་བྱས་ཏེ་མང་ཚོགས་ཞུགས་ཚད35000ལྷག་ཟིན་ཡོད།

