འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས15ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ཆབ་མདོ་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་པའི2026ལོའི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཇ་རྟ་ཐང་ཆེན་དུ་དངོས་སུ་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ཡིས“འཛད་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་གཅིག་སྡུད་དྲིལ་བསྒྲགས་དང་། ཡུལ་དངོས་ཞབས་ཞུ། མཉམ་འགུལ་ཉམས་ལེན་སོགས་ཐབས་ལམ་སྣ་མང་གི་ལམ་ནས་རྒྱ་ཆེའི་གྲོང་མིར་འཛད་སྤྱོད་བདག་དབང་ཤེས་བྱ་ཁྱབ་གདལ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་། བློ་བདེ། སྐྱིད་སྣང་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ཐོག་ཁྱོན་ཚན་པ13དང་ཁེ་ལས5ཞུགས་ཏེ་ས་གནས་ས་ཐོག་ཏུ་འཛད་སྤྱོད་ཞུ་གཏུག18བདག་སྤྲོད་དང་མང་ཚོགས་བློ་འདྲི375ལན་བཏབ་པ། དྲིལ་བསྒྲགས་དཔྱད་གཞི་རིགས12220སྤྲད་པ་རེད། བྱེད་སྒོ་ཡིས་འཛད་སྤྱོད་པའི་ཁེ་དབང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་མཐོར་འདེགས་བྱུང་བ་དང་གཉེར་སྐྱོང་མཁན་གྱི་འགན་འཁྲི་འདུ་ཤེས་གཙོ་བོ་ཆེ་རུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་དང་འཛད་སྤྱོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

