国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月17日

ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་མཉམ་དུ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ནི་ཐེན་ཅིན་ཐང་ཆེན་དུ་ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་མི་སྣས་གྲོགས་པོ་ཆུང་ཆུང་ལ་མེ་ཟོན་བརྗོད་དོན་གཙོ་བོའི་རྩེད་ཆས་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ཏན་ཏིག་གིས་སྲུང་སྐྱོབ་བྱས་ཏེ་འཛད་སྤྱོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དང་། སྟེང་ཆེན་རྫོང་། དཔའ་ཤོད་རྫོང་། མཛོ་སྒང་རྫོང་བཅས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ་དུས་གཅིག་ཏུ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

སྟེང་ཆེན་རྫོང་གིས“མཚམས་ཚིགས་ཞིབ་བཤེར་ཆེར་གཏོང་དང་། དམངས་འཚོར་ཕན་འདོགས་པ། ཟས་རིགས་བདེ་འཇགས་ཀྱིས་འཛད་སྤྱོད་སྐུལ་སྤེལ”ཞེས་པ་བརྗོད་དོན་གཙོ་བོའི་ཐོག་ནས་ཚན་པ་མང་པོ་མཉམ་འབྲེལ་སྒོས་གཅིག་སྡུད་དྲིལ་བསྒྲགས་བྱས་ཡོད།

དཔའ་ཤོད་རྫོང་གིས“འཛད་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས། བློ་བདེའི་འཛད་སྤྱོད་སྲུང་སྐྱོབ”དམིགས་ཏེ། “དྲ་ཕྱི་དྲིལ་བསྒྲགས། དྲ་ཐོག་བརྒྱུད་བསྒྲགས། ཁྲིམས་སྐྱོང་སྒྲོག་འགྲེལ”བཅས་ཀྱི་རྣམ་པའི་ཐོག་ནས་རིན་གོང་ཡིད་རྟོན་དང་དྲ་རྒྱའི་འཛད་སྤྱོད་བཅས་ཀྱི་ཁྱབ་ཁོངས་གཙོ་བོར་བློ་འདྲི་སྟེགས་བུ་དང་ཞུ་གཏུག་བདག་སྤྲོད་ས་ཚིགས་བཙུགས་ནས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་དུ་བཏང་ཡོད།

མཛོ་སྒང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་བཀོད་སྒྲིག་དང་ཟུང་དུ་འབྲེལ་ཏེ་མི་རིགས་ལམ་གྱི་ཐང་ཆེན་དུ་གཅིག་སྡུད་བྱེད་སྒོ་སྤེལ་ཡོད། ཚན་པ་ཁག་གིས་བློ་འདྲི་སྟེགས་བུ་བཙུགས་པ་དང་། འགྲེམས་པང་སྒྲིག་པ། སྦྱར་ཡིག་འགེལ་བ། དཔྱད་གཞི་སྤྲད་པ་སོགས་ཀྱི་ལམ་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དང་། ཟས་རིགས་བདེ་འཇགས། ཐོན་རྫས་སྤུས་ཚད་སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། ཚོང་རྫས་དག་རྫུན་དབྱེ་འབྱེད་དང་གློག་འཕྲིན་ཁ་བསླུས་སྔོན་འགོག་སོགས་ཀི་དངོས་སྤྱོད་ཤེས་བྱ་འགྲེལ་བཤད་བརྒྱབ་ཡོད་པ་རེད།

ཁ་རུབ་ཆུས་ཀྱིས་ཐེན་ཅིན་ཐང་ཆེན་དུ་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ཏེ12315འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་དྲིལ་བསྒྲགས་སྤེལ་ཡོད།