国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

གྲོང་ཁྱེར་ཡོངས་སུ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མིག་སྔར། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་གྲོང་ཁྱེར་ཡོངས་སུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་རེད། ཟླ3པའི་ཚེས3ཉིན། བྱེད་སྒོ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་མཐུན་སྦྱོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཉེ་ཆར། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པར་ཁྱོན་རྣམ་གྲངས་ཁག་31ཡོད་པ་དེ་གྲོང་ཁྱེར་ཡོངས་སུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་དང་། རིམ་པ་ཁག་དང་ཚན་པ་ཁག་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དང་བསྟུན་ཞིང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་བརྟེན་ནས་འགྲན་སྡུར་ཐེངས3972དང་། གསོ་སྦྱོང་དང་སྒྲོག་འགྲེལ་ཐེངས་ཁྲི1.3ཙམ་སྤེལ་ཏེ་མང་ཚོགས་ཁྲི55ཡས་མས་ལ་ཁྱབ་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བས་བྱེད་སྒོ་འདི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འགྱུར་བ་གསུམ”གྱི་ངེས་གནས་བླང་བྱ་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། བསམ་བློའི་ཁྲིད་སྟོན་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ལས་དོན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་གར་སྟེགས་ཤིག་ཀྱང་ཡིན་ཅེས་བསྟན།

ཚོགས་འདུའི་ཐོག་གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འབྲེལ་ཡོད་ཚན་པའི་བློ་མཐུན་གྱིས་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་ཡོད།