国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

སྟེང་ཆེན་རྫོང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ།

འདི་ནི་མང་ཚོགས་ཀྱི་ཞབས་བྲོ་འགྲན་སྡུར་བྱ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། དཔྱིད་གསར་དུས་ཆེན་རིང་། སྟེང་ཆེན་རྫོང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་རེད། དུས་ཆེན་རིང་འགྲན་སྡུར་བྱེད་སྒོ་རིགས་ཐེངས3སྤེལ་ཞིང་མང་ཚོགས420ལྷག་ཞུགས་པ་དང་མང་ཚོགས2730ཡས་མས་ཀྱིས་ལྟད་མོ་བལྟས་ཏེ་གཞི་རིམ་གྱི་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་དགའ་སྤྲོ་ཞི་མཐུན་དང་མཐུན་སྒྲིལ་ཡར་བརྩོན་གྱི་དཔྱིད་གསར་གྱི་རྣམ་པ་ཞིག་བསྐྲུན་ཡོད་པ་རེད།