国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

ཀྲོང་ཅིན་སུང་གིས་བོད་ཤར་ལྷོའི་ནུས་ཁུངས་གཙང་མ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཁྲེན་ཀྲི་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས2ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་བོད་ཤར་ལྷོའི་ནུས་ཁུངས་གཙང་མ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཁྲེན་ཀྲི་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེན་ཀྲི་སོགས་ལ་དགའ་བསུ་ཞུས་ཡོད། ཁོང་གིས་ཆབ་མདོས་བློ་བརྟན་འགྱུར་མེད་ངང་ནུས་ཁུངས་གཙང་མའི་ཐོན་ལས་དེ་གྲོང་ཁྱེར་ཡོངས་ཀྱི“3+1+1”ལས་དོན་ཁག་ལྔ་ལས་གཙོ་བོར་བརྩིས་ནས་སྐུལ་འདེད་བཏང་སྟེ། “རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དང་། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཞིག་ཡིན་པས། ཐམས་ཅད་ཁ་ཤར་ཕྱོགས་ལ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”ལས་ཀའི་དམིགས་ཚད་འགག་རྩའི་དུས་མཚམས་སུ་བསླེབས་ཡོད་པས། བོད་ཤར་ལྷོའི་ནུས་ཁུངས་གཙང་མ་གསར་སྤེལ་ཚད་ཡོད་ཀུང་སིས་གོ་སྐབས་དམ་འཛིན་གྱིས་རྣམ་གྲངས་སྤུས་ལེགས་སྔར་བས་མང་པོ་བཀོད་སྒྲིག་དང་ཚན་ཞིབ་འགག་སྒྲོལ་དང་བེད་སྤྱོད། ཐོན་ལས་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་། བོད་ཤར་ལྷོའི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གསར་སྤེལ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།

ཁྲེན་ཀྲི་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཁོང་གིས། ཀུང་སིས་ཆབ་མདོ་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས་བོད་ཤར་ལྷོའི་ནུས་ཁུངས་གཙང་མའི་རྟེན་གཞིའི་གློག་ཁུངས་རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་དང་སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་པ། སྔ་ཙམ་ཕན་འབྲས་ཐོན་ཆེད་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཆབ་མདོའི་ནུས་ཁུངས་གཙང་མའི་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཐན་ཧའོ་དང་།ཅཱ་ཤིན་ཡུས། ཀའོ་ཞའོ་ཏུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།