国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་ཏང་ཡོངས་སུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཀྲོང་ཅིན་སུང་གིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་ནས་ཚད་གཞི་བསྡུར་བ་དང་མིག་ལྟོས་ཀྱི་ཆབ་སྲིད་རང་རྟོགས་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་སྤེལ་བའི་སློབ་སྦྱོང་སློབ་གསོའི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱེད་པ་དང་། བྱ་སྤྱོད་མགྱོགས་མྱུར་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལས་འགན་དང་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཡོང་བར་བྱེད་པ། མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་ཐུབ་པར་འགན་ལེན་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན”ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས“ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྒོ་ཕྱེ་ནས་སློབ་གསོ་རྒྱག་པར་མཐོང་ཆེན་བྱེད་པ། ལམ་ལུགས་དང་སྒྲིག་ལམ་འཛུགས་པར་དམ་དུ་འཛིན་པ་བཅས་བྱས་ནས། དམ་ནན་གྱི་ཚད་གཞི་དང་དངོས་ཡོད་ཀྱི་བྱ་ཐབས་ཀྱི་ཐོག་ནས་སློབ་སྦྱོང་གསོའི་ལས་དོན་ཁག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ལས་རྗེས་ཆེ་ཤོས་ཤིག་ཏུ་བརྩི་བ། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དངོས་འཛིན་དངོས་སྒྲུབ་དང་དཀའ་གནད་འགག་སྒྲོལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་སྟེ། ཏན་ཏན་ཏིག་ཏིག་གིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས་ཅེས་བླང་བྱ་བཏོན་ཡོད།