国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་གནང་ཡོད།

ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ནི་ལྷག་བསམ་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་ལྡན་པས་ང་ཚོས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་བསླབ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཆབ་མདོའི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་འགུལ་ཐོག་སློབ་སྦྱོང་གྲུབ་འབྲས་དེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”དངོས་སྒྲུབ་དངོས་ཕན་འགྱུར་བར་བྱེད་དགོས་ཅེས་བསྟན།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་པ་རེད། ཀྲོང་ཅིན་སུང་གིས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས“ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། “ལས་འགན་ཁག་དགུའི་འདེགས་སྐྱོར”དང་།“3+1+1”གི་ལས་དོན་ཁག་ལྔར་དམིགས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པར་བྱ་རྒྱུའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་རྣམ་འགྱུར་ཐོག་ནས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། རྒྱལ་ཁ་གསར་པ་མཐའ་གཅིག་ཏུ་ཐོབ་པར་བྱས་ཏེ་དེ་བས་ཚོར་ཐུབ་པའི་གྲུབ་འབྲས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དུས་རིམ་རང་བཞིན་གྱི་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་བྱེད་སྒོ་འདི་ཉིད་སློབ་སྦྱོང་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། འགན་འཁྲི་ནན་པོ་བཟོ་བ་དང་། ཕན་འབྲས་མཐོར་འདེགས་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་གསོ་སྐྱོང་དང་འཛུགས་པ། ཚང་མ་ཞུགས་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་པའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།