国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月13日

གོམས་གཤིས་འདི་དག་ལ་དོ་སྣང་བྱེད་དགོས།

གཅིག ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ། ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ་དེས་ཟུངས་ཁྲག་གི་འཁོར་རྒྱུག་དང་ཟས་ཀྱི་དང་ག་ཉམས་པ་སོགས་ལ་ཤུགས་རྐྱེན་མེད་པར། ཁྲག་འཁོར་རྒྱུག་ལ་ཕན་ཐོགས་ཡོད་པ་མ་ཟད་གསོ་རླུང་དང་འཚོ་བཅུད་འཇུ་ལེན་ལ་ཡང་ཕན་ཐོགས་ཡོད།

གཉིས། གུང་ཟས་ཟོས་རྗེས་གཉིད་པ། གུང་ཟས་ཟོས་རྗེས་གཉིད་ན་ཕྱི་དྲོར་རྣམ་རིག་གསལ་པོ་ཡོང་ཐུབ། མི་ལ་ལས་གུང་ཟས་རྗེས་སུ་གཉིད་ན་ཤ་རྒྱགས་པ་ཆགས་པར་འདོད་ཀྱིན་ཡོད། དོན་དངོས་སུ་གུང་ཟས་རྗེས་སུ་གཉིད་པ་དང་རྒྱགས་པ་ཆགས་པའི་དབར་ཐད་ཀའི་འབྲེལ་བ་གང་ཡང་མེད། ཡིན་ནའང་། ཉིན་གུང་གཉིད་པའི་དུས་ཚོད་སྐར་ཆ་སུམ་ཅུ་ཡས་མས་སུ་ཚོད་འཛིན་བྱེད་དགོས།

གསུམ། ཟ་མ་ཟོས་རྗེས་སིལ་ཏོག་བཟའ་བ། ཟ་མ་ཟོས་ཚར་རྗེས་འཕྲལ་དུ་སིལ་ཏོག་ཟོས་ན་འཚོ་བཅུད་སྡུད་ལེན་ལ་ཤུགས་རྐྱེན་ཐེབས་ཀྱིན་མེད། གལ་སྲིད། ཟ་མ་རྒྱགས་ཚད་ཟོས་ཡོད་ན་སིལ་ཏོག་ཟ་མི་རུང་ལ། སིལ་ཏོག་ནང་དུའང་ཚ་དྲོད་དང་མངར་ཆ་ངེས་ཅན་ཞིག་ལྡན་པས། ཚང་མ་སྡེབ་གཅིག་ལ་སྤྱད་ན་ཕོ་རྒྱུར་གནོན་ཤུགས་བཟོ་སྲིད།