དཔའ་ཤོད་རྫོང་དུ་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཁན་ཞིག་ཡོད་པ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདེ་དགའ་དབང་མོ་ལགས་རེད།
གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞིང་།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཡོད།འབྲེལ་ཡོད་ལས་དོན་སྤེལ་བ་ནས་བཟུང་།བདེ་དགའ་དབང་མོ་རྟག་ཏུ་རྒྱལ་ལམ་318ལམ་རྒྱུད་ཀྱི་གྲོང་ཚོ་ཁག་ཏུ་ཕེབས་ཀྱི་ཡོད།ས་ཆ་རེར་སླེབས་རིམ་བཞིན་ཁོང་གིས་ཞིང་འབྲོག་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་།གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་།སྒོ་རར་མཛེས་བཟོ་རིམ་སྤོར་སོགས་ཐད་ཀྱི་དཀའ་གནད་དང་དགོས་མཁོ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
བདེ་དགའ་དབང་མོས་རྒྱུན་དུ “ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ཤོད་ཀྱི་དཔལ་འབྱོར་དེ‘མི་སེར་གྱི་དཔལ་འབྱོར’དུ་གཏན་དུ་འཁེལ་བ་དང་། མང་ཚོགས་ཀྱི་དོན་ཆུང་དེ་སྲིད་གཞུང་གི་དོན་ཆེན་ཏུ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད”ཅེས་བཤད། དཀྱིལ་དག་ཤང་ལ་དཔེར་བཞག་ན། ཤང་དེའི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར།རིམ་རྩིས་བྱས་ན་མི་ཐེངས་1000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པའི་ནང་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱིས་95%ལྷག་ཙམ་བཟུང་ཡོད།རྣམ་གྲངས་དེའི་ནང་ཞུགས་མཁན་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་པ་དང་རྣམ་གྲངས་ནས་སྤྲད་པའི་རིགས་ཁག་གི་མ་དངུལ་སྒོར་ཁྲི་700ལྷག་ཙམ་ཟིན་ཡོད།དེ་བས་གལ་འགངས་ཆེ་བ་ཞིག་ནི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།80%ཡན་གྱི་མང་ཚོགས་ཀྱིས་སྤྱོད་གོ་ཆོད་པའི་རྩལ་ནུས་ཁོང་དུ་ཆུད་པ་དང“དུས་ཐུང་གླ་པ་རྒྱུག་པ”ནས“ལག་རྩལ་ཁོང་དུ་ཆུད་པ”བར་ཕྱོགས་སྒྱུར་ཐུབ་པ་བྱུང་བ་མ་ཟད།ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་མ་ཟད།ཁོང་ཚོའི་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད།
དུས་ཡུན་རིང་པོའི་ནང་གཞི་རིམ་དུ་གཞི་ཚུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། བདེ་དགའ་དབང་མོས་ཐོག་མཐའ་བར་གསུམ་དུ་སེམས་ལ་མང་ཚོགས་བཅངས་ཀྱི་ཡོད།འཚོག་ཉེར་ཡོད་པའི་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ལ་ཁོང་གིས་གྲ་སྒྲིག་གང་ལེགས་བྱས་ཡོད།ཁོང་གི་ཟིན་བྲིས་དེབ་ནང་གཞི་རིམ་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཟབ་མོ་བཀོད་ཡོད།ཁོང་གིས“འདི་ལོའི‘ཚོགས་འདུ་གཉིས’འཚོག་ཉེར་ཡོད་པ་དང་།མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་མང་ཚོགས་ཁྲོད་ནས་ཡོང་ཞིང་མང་ཚོགས་ཁྲོད་དུ་བསྐྱོད་རྒྱུའི་ལས་ཀའི་བྱ་ཐབས་དང་བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོའི་འགན་སྲུང་ཁྱབ་ཁོངས་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་ཡིན”ཞེས་བཤད། ཁོང་གིས་གནས་སྤོས་བྱ་ཡུལ་གྱི་མི་འབོར་འཕར་ཚུལ་དང་སྡོད་ཁང་བཀོད་སྒྲིག་གཉིས་འོས་འཚམ་བྱུང་མེད་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ལྟེ་བའི་ནང་དོན་གཉིས་ལ་དམིགས་ཏེ། གཅིག་ནི་གནད་འཕིགས་ཇུས་འདོན་གྱིས་གནས་སྤོས་བྱ་ཡུལ་གྱི་སྡོད་ཁང་གི་སྟབས་བསྟུན་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྐོང་དགོས་པ་དང་། གཉིས་ནི་གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཐོན་ཁུངས་གཞི་རིམ་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས།གྲོང་ཚོ་རིམ་པའི་སྨན་བཅོས་ཞབས་ཞུའི་མི་སྣའི་ནུས་པ་ཆེ་རུ་གཏོང་བར་སྔར་ལས་ལྷག་པར་སྐུལ་འདེད་བྱས་ཏེ།དམངས་འཚོའི་བདེ་སྐྱིད་ཀྱི་སྤུས་ཚད་དང་ཕན་འབྲས་འབྲས་ཆེ་རུ་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་གྲོས་འགོ་གཉིས་འདོན་རྒྱུ་རེད།
བདེ་དགའ་དབང་མོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཨུད་སྲིད་གཞུང་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བཏོད་པ་དང་། འགན་འཁྲི་ཁུར་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་དང་བརྩེ་སེམས་གསལ་བཤད་བྱས་པས་གཞི་རིམ་མང་ཚོགས་ཀྱི་སྙིང་ཉེ་བའི་མི་དང་མགྲིན་ཚབ་པར་གྱུར་ཡོད།

