འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བྱམས་པ་གླིང་དགོན་གྱི་རུ་ཆེན་གྱིས་དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་གྱི་དོན་དངོས་ལ་དམ་པོར་དམིགས་ནས།བྱམས་པ་གླིང་དགོན་གྱི་དུས་ཚིགས་དང་པོའི་མེ་ཟོན་བདེ་འཇགས་རྩལ་ནུས་སྦྱོང་བརྡར་དང་དངོས་འཐབ་ནང་སྦྱོང་བྱེད་སྒོ་སྤེལ་ཞིང་།དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་པ་ཁག་གཅིག་དང་དགོན་སྡེའི་འདུ་ཁང་ཁག་གི་དཀོན་གཉེར་ཡོངས་སྦྱོང་བརྡར་ནང་ཞུགས་པ་རེད།
ད་ཐེངས་ཀྱི་སྦྱོང་བརྡར་ནང་མེ་ཟོན་བདེ་འཇགས་ཀྱི“ནུས་པ་བཞི”ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་ནས།“གཞུང་ལུགས་འགྲེལ་བཤད་དང་།བཀོལ་སྤྱོད་དཔེ་སྟོན།དངོས་སུ་རྩལ་སྦྱོང་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་པ་རེད།སྦྱོང་བརྡར་བྱ་ཡུལ་དུ་དྲིལ་བསྒྲགས་མི་སྣས་དགོན་སྡེར་ཤིང་ལས་གྲུབ་པའི་ལྷ་ཁང་མང་བ་དང་མེ་ཁུངས་དོ་དམ་ཚོད་འཛིན་གྱི་དཀའ་ཚེགས་ཆེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་ཐག་གཅོད་ཀྱི་གཙོ་གནད་དང་མེ་ཟོན་ཡོ་བྱད་འདེམས་སྤྱོད་ཀྱི་རྩ་དོན་སོགས་ཀྱི་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་མ་ཟད་སྦྱོང་བརྡར་ནང་ཞུགས་མཁན་གྱི་ལུས་སྦྱོང་ལ་མཛུབ་ཁྲིད་ཀྱང་བྱས་པ་རེད།

