国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月13日

ཀྲོང་ཅིན་སུང་གིས་གྲོང་ཨུད་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་5ནས་9ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིང་སུང་གིས་གྲོང་ཨུད་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཉམས་ལེན་སོགས་ཀྱི་ཐད་ནས་ཆེད་དོན་བགྲོ་གླེང་གནང་བ་རེད།

ཀྲོང་ཅིན་སུང་གིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དེ་བས་མཐོ་བའི་ཚུགས་གནས་དང་དེ་བས་མཐོ་བའི་ཚད་གཞི། དེ་བས་ལེགས་པའི་བྱ་ཐབས་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བ་དང་། “འཛུགས་གཏོད་བཞི”ལ་ཕན་འབྲས་ཐོན་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”བསྐྲུན་པའི་ཕན་འབྲས་དངོས་སུ་བསྒྱུར་དགོས།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲོང་ཅིན་སུང་གིས་བླང་བྱ་བཏོན་དོན། ཏང་ལེགས་སྐྱོང་བྱ་རྒྱུ་རྩ་བར་འཛིན་དགོས་ཏེ། ཏང་གི་འགོ་ཁྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་རྨང་གཞིར་འཛིན་དགོས་ཏེ། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱེད་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་དགོས་ཏེ། “གནས་རྒྱུད་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་བེད་སྤྱོད་ཡག་པོ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་ཕན་འབྲས་མཚོན་དགོས་པ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཏེ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ལེན་བྱེད་པ། ཏང་ལ་དོ་དམ་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཐུན་རྐྱེན་ལེགས་སུ་གཏོང་དགོས།