国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月09日

སྟེང་ཆེན་རྫོང་གིས“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པའི་ངོས་འཛིན་དཔང་ཡིག་སྤྲོད་པའི་མཛད་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟེང་ཆེན་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་བྱེད་སྒོར་བརྟེན་ནས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཀྱི་དགྱེས་སྟོན་མཉམ་དུ་རོལ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པའི་ངོས་འཛིན་དཔང་ཡིག་སྤྲོད་པའི་མཛད་སྒོ་གཉེར་བ་རེད།

བྱེད་སྒོའི་ཐོག“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་དུས་མཉམ་དུ་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན”གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོར་འགྲན་སློང་གི་རྣམ་གྲངས་གཉིས་ནང་ཞུགས་མཁན་སྟེང་ཆེན་གྱི་ལྷ་རིས་པ120ལ་ཅི་ཉི་སི་འཛམ་གླིང་ཟིན་ཐོའི་ངོས་འཛིན་དཔང་ཡིག་སྤྲད་པ་རེད།

དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ་ཡུལ་དུ། རྩལ་ནུས་རྣམ་གྲངས་བཅུ་ལ་ཉམས་ལེན་དང་ལོ་གསར་རི་མོ་འགྲེམ་སྟོན། ཐང་གའི་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ངོ་མཚར་རྨད་བྱུང་གི་ཐང་ག་བརྒྱ་ཕྲག་ཁ་ཤས་བཤམས་པས་མང་ཚོགས་མང་པོ་ཞིག་གི་མིག་དབང་རབ་ཏུ་འཕྲོག་ཡོད།

སྟེང་ཆེན་རྫོང་གི་མང་ཚོགས་འཇམ་དབྱངས་ཆོས་མཚོ་ཡིས“དེ་རིང་ཐང་ག་འགྲེམ་སྟོན་བྱེད་སར་ཡོང་ནས་ངོ་མཚར་ལྟ་ན་སྡུག་པའི་ཐང་ག་འདི་འདྲ་ཞིག་མཐོང་དུས། ང་རང་ཧ་ཅང་དགའ་པོ་བྱུང་སོང་། ངས་ང་ཚོའི་མི་རིགས་ཀྱི་རིག་གནས་འདི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད་བསམ་བྱུང”ཞེས་བཤད།