འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དུས་ཆེན་གསུམ་འཆར་ལ་ཉེ་བའི་སྐབས་འདིར། སྨར་ཁམས་ཀྱིས“རིག་གནས་ཀྱིས་དར་རྒྱས་ལམ་བུར་མཐུན་རྐྱེན་སྦྱར། དམངས་ཕན་གྱིས་སྨར་ཁམས་ལ་དྲོ་སྐྱིད་སྦྱིན”ཞེས་པའི་རིག་གནས་གཤམ་སྤེལ་གྱི་འཁྲབ་སྟོན་བྱེད་སྒོ་ཇུས་འགོད་ཞིབ་ཕྲ་བྱས་ནས། ལྟད་མོ་ཧ་ཅང་ཆེ་བའི་གྲོང་ཚོའི་དགོང་ཚོགས་དེ་ཞིང་ཁ་དང་། གྲོང་ཚོ། སྡེ་ཁུལ་ཐང་ཆེན་བཅས་སུ་འཁྲབ་སྟོན་བྱས་ནས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དགའ་སྤྲོའི་དགོད་སྒྲ་ཁྲོད་དུ་དུས་ཆེན་གྱི་རྣམ་པ་ཉམས་སུ་མྱོང་རྒྱུ་ཡོད་པ་བྱས་པ་རེད།
ཐེངས་འདིའི་བྱེད་སྒོས་དཔལ་ར་གྲོང་ཚོའི་“ཞིང་ལས་རིག་གནས་ཡུལ་སྐོར་གསུམ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་ལ་དམ་པོར་དམིགས་ཤིང་། “ཡུལ་སྲོལ་གོམས་གཤིས་་+དུས་རབས་གཙོ་དོན+མང་ཚོགས་མཉམ་འགུལ+”ཞེས་པ་ལྟེ་བར་བཟུང་ནས་དབྱིངས་ཞུགས་རྣམ་པའི་རིག་གནས་ཉམས་ཞིབ་བྱེད་སྟངས་བཏོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་པོ་ལྡན་པ་སྟེ། 《ཁ་བཏགས་ཀྱི་བརྩེ་བ》དང་《སྒྲ་དབྱངས་སྙན་མོ་ཏང་ལ་འབུལ》སོགས་ཞིབ་མོའི་བློས་འཁྲབ་སྦྱོང་བྱས་པའི་ས་གནས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་གྱིས་བྱེད་སྒོར་མཐོ་རླབས་གསར་པ་ཞིག་འཕྱུར་བར་བྱས་པ་རེད།
གོམ་སྟབས་རྗེས་མར། སྨར་ཁམས་ཀྱིས་རྒྱུན་མཐུད་ངང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་དེ་བས་མང་བ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱལ་ཏེ། རིག་གནས་ཀྱི་མེ་ཏོག་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡུན་རིང་རྣམ་པར་བཞད་ཐུབ་པ་བྱས་ནས་རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་སྒུལ་ཤུགས་བསྣན་རྒྱུ་རེད།

