འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རི་བོ་ཆེ་རྫོང་གིས་གྲོང་མི་ཨུ་ལྷན་གྱི་ལྟ་སྐུལ་དོ་དམ་མི་སྣ་དང་། ནགས་སྲུང་བ་དེ་བཞིན་མེ་ཟོན་འཕྲལ་རྒོལ་རུ་ཁག་དང་འཕྲལ་སྡོམ་རོགས་སྐྱོབ་རུ་ཆེན་སོགས་ཁྱོན་མི228སྒྲིག་འཛུགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་རྩལ་ནུས་ནང་སྦྱོང་བྱས་ཤིང་།
ནགས་སྲུང་བ་ཚོས་མེ་འགོག་སྒྲིག་ཆས་བེད་སྤྱོད་ཀྱི་རྩལ་ནུས་སྦྱོང་བརྡར་བྱས་པ་སྟེ། རིགས་གཞུང་སློབ་སྦྱོང་དང་། ས་ཡུལ་དངོས་སུ་ལྟ་སྦྱོང་། དངོས་སྤྱོད་ནང་སྦྱོང་བཅས་རིམ་པ་གསུམ་ལ་ཁྱབ་ཡོད་པ་རེད།སྦྱོང་བརྡར་ནང་སྦྱངས་པའི་རྩལ་ནུས་བྱང་ཆུབ་པའི་ངང་བེད་སྤྱོད་བྱེད་པ་དང་། མཐོ་གནོན་ཆུ་འཐེན་འཕྲུལ་འཁོར་ལ་བརྟེན་ནས་མེ་སྐྱོན་འགོག་གསོད་བྱེད་པ་བཅས་དངོས་འཐབ་ཀྱི་རྩལ་ནུས་འཁྲབ་སྦྱོང་བྱས་པས་ནགས་སྲུང་དཔུང་ཁག་གི་འཕྲལ་རྐྱེན་མྱུར་སེལ་གྱི་ནུས་པ་དང་འཐབ་རྩལ་སྣ་ཚོགས་ཆེ་རུ་ཕྱིན་ཡོད་པ་རེད།

