འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟེང་ཆེན་རྫོང་གི་སྡེ་ཚན་མང་པོ་ལས་གྲུབ་པའི་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཕྱོགས་བསྡུས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ཁྱབ་ཁོངས་ཞིང་ཟོག་ཁྲོམ་ར་སོགས་སུ་སོང་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་དང་། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཚོང་གཉེར་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། སྨན་རྫས་ཚོང་ཁང་ལ་སྨན་རྫས་རྫུན་མ་དང་སྤུས་ཞན་སྨན་རྫས་བཙོང་བའི་བྱ་སྤྱོད་མེད་པ་བཟོ་དགོས་པའི་སྐུལ་ལྕག་བཏང་ཡོད་ལ། སྣུམ་སྣོན་ས་ཚིགས་དང་ཚོང་ཁང་གི་གློག་སྐས་སོགས་དམིགས་བསལ་སྒྲིག་ཆས་ལ་ཟུར་བཤེར་བྱས་ཤིང་། འབྲེལ་ཡོད་ཚན་པར་ལྟ་སྐུལ་དོ་དམ་བྱེད་དགོས་པའི་སྐུལ་ལྕག་བཏང་བ།དམངས་འཚོའི་དངོས་ཟོག་གི་རིན་གོང་ལ་ཆེད་དོན་ཞིབ་བཤེར་དང་།ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་བྱས་པ་མ་ཟད།ཚོང་གཉེར་བས་ཁྲིམས་སྲོལ་ཁག་ལ་བརྩི་སྲུང་གང་ལེགས་ཞུ་དགོས་པའི་རེ་བ་བཏོན་པ་རེད།
ཞིབ་བཤེར་བྱེད་རིང་ད་དུང་བདེ་འཇགས་ཤེས་བྱ་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་རེད།

