འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོ་ནས་བཟུང་མཛོ་སྒང་གིས“ཁེ་ལས་པའི་ཁྱིམ་གཞིས”ཀྱི་ལས་སྟེགས་དང“རྫོང་དཔོན་གྱི་སྣེ་ལེན་ཉིན་མོའི”ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཁག5མཐུན་སྦྱོར་ཐག་གཅོད་བྱས་པ་དང་། སྲིད་གཞུང་དང་།དངུལ་ཁང་།ཁེ་ལས་བཅས་ཀྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་ནས་ཁེ་ལས3ལ་དངུལ་བུན་སྒོར་ཁྲི600རག་རྒྱུར་སྐུལ་འདེད་བཏང་བ་རེད།“ཁྲིམས་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི”བྱ་སྤྱོད་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་ཐེངས4བྱས་པ་དེ་ཁེ་ལས་ཀྱི་དོ་དམ་མི་སྣ100ལྷག་ཙམ་ལ་ཁྱབ་ཡོད་པ་རེད། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་དམངས་གཉེར་ཁེ་ལས80དང་གྲོང་གསེབ་ཆ་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ཤིང་། ས་གནས་དེ་གའི་མང་ཚོགས་མི808ལས་ཞུགས་བསྡུ་ལེན་བྱས་པར་ཡོང་འབབ་སྒོར་ཁྲི623.73རག་པ་དང་། འཛད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་ཁྲི30.38ལ་སྐུལ་འདེད་བཏང་བ།དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཕན་བྱ་གཞག་ལ་ཞལ་འདེབས་སྒོར་ཁྲི5.8ལྷག་ཙམ་བརྒྱབ་པ་རེད།

