国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月09日

མེ་ཏོག་བཞད་དུས་ཁྱེད་རང་སྒུག

འདི་ནི་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།(དཔྱད་གཞི་པར་རིས)

ཉེ་ཆར། མི་རིགས་རིག་རྩལ་བརྩམས་ཆོས《མེ་ཏོག་བཞད་དུས་ཁྱེད་རང་སྒུག》དེ་ཁྲེན་ཏུའུ་རུ་འཁྲབ་སྟོན་བྱས་པ་དང་། དཔའ་ཤོད་རྫོང་གི་ཞིང་འབྲོག་པའི་འཁྲབ་སྟོན་པ་ཚོས་སྙན་པའི་ངག་དང་མཛེས་པའི་ཉམས་འགྱུར་ལ་བརྟེན་ནས་དངོས་སུ་བརྒྱུད་མྱོང་བའི་དུས་རབས་ཀྱི་འཕོ་འགྱུར་དང་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།

འཁྲབ་སྟོན་ཡུལ་དངོས་ཐོག་ལོ་ཚོད་མི་འདྲ་བའི་ལྟད་མོ་བར་ཚོར་སྣང་ཟབ་མོ་བཞག་ཡོད་དེ། དབུ་སྐྲ་དུང་ལྟར་དཀར་བའི་ལས་འཁྱུར་རྒན་གྲས་ཚོའི་མིག་མཐར་མཆི་མ་འཁོར་ཞིང་། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱས། ལོ་ན་གཞོན་པའི་མཐོ་འབྲིང་གི་སློབ་མ་ཚོས་མིག་གིས་ཐུ་རེར་བལྟས་ཅིང་སྐྱེས་འབུལ་དང་། ཁྱིམ་དང་རྒྱལ་ཁབ་ཀྱི་ལྗིད་ཚད་ལ་ཤེས་རྟོགས་ཐུབ་པར་གྱུར། སྤྱིར་བཏང་གི་ཁྲེན་ཏུའུ་གྲོང་མི་ཚོར་ཚོར་སྣང་ཟབ་མོ་བཞག་ཅིང་རྒྱུན་ཆད་མེད་པར་ཐལ་མོ་རྡེབ་པ་རེད།