གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་དང་གནས་བབ་ལ་དབྱེ་ཞིབ། ལས་དོན་ལ་བཀོད་སྒྲིག་བཅས་བྱས་ཡོད། ཐེངས་འདིའི་ཚོགས་འདུ་འཚོགས་པ་དེས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་སློང་བྱས་ཏེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམ་པོར་དམིགས་པ་དང་། མཐུན་སྒྲིལ་བློ་གཅིག་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ།“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་ལག་ལེན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཕན་འབྲས་གསར་པ་ཐོབ་པར་ཧུར་ཐག་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་། དྲིན་ཚོར་མདུན་སྐྱོད་ཀྱིས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ཡོད། ལོ་གཅིག་རིང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་པོ་དང་སྐྱོན་བྲལ་ངང་ལེགས་སུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་སྤུས་འབྲས་མགྱོགས་མྱུར་ཆེ་རུ་སོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་ཉིན་བཞིན་ཡར་རྒྱས་ཕྱིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་ཕྱིན་པ། སྐྱེ་ཁམས་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་སོང་བ། མཐའ་སྟོབས་བཅོས་སྐྱོང་ཕན་ནུས་ཐོབ་པ།མང་ཚོགས་ཀྱི་བདེ་སྐྱིད་རེག་ཚོར་ཐུབ་པ། སྤྱི་ཚོགས་རྣམ་པ་ཞི་མཐུན་བརྟན་ལྷིང་བྱུང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་དུས་ལྟར་ལེགས་གྲུབ་ཐུབ་ཡོད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ཞིག་ཡིན་པའི་ཆ་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུར་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་དགོས།
གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་འཐབ་ཇུས་དང་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་འགྲེང་སྟེ། ཆབ་མདོ་འདི་ཉིད་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པའི་ཁྲོད་ཀྱི་གནས་བབ་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཏང་འཛུགས་དང་། དཔལ་འབྱོར། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་མང་པོ་འདུས་ཡོད་པ་ཤེས་རྟོགས་བྱས་ཏེ། དེ་ནི་ཕྱོགས་མང་པོ་མཐུན་སྦྱོར་བྱས་པའི་ནང་གནས་ཀྱི་གཅིག་གྱུར་ཞིག་ཀྱང་ཡིན། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ཆེ་རུ་བཏང་ནས་ལས་ཀའི་ཤུགས་རྒྱག་ས་དང་འགག་རྩར་ཡང་དག་འཚོལ་ཏེ། སྤུས་ཚད་མཐོ་བའི་རྣམ་པ་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཆབ་མདོར་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།
2026ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ་སྙིང་སྟོབས་དང་། གསོན་ཤུགས། ལས་བརྩོན་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་ཐུབ་པར་འགན་ལེན་བྱས་ཏེ།“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།

