འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལོ་གསར་ཤར། རྣམ་པ་གསར། ཟླ1པའི་ཚེས1ཉིན། ཁྲུང་ཆིན་གྲོང་ཁྱེར་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ལས་དོན་རུ་ཁག་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པར་བསྐྱོད་དེ་གནས་འདིའི་ཕྲུ་གུ་ཚོ་དང་ཆ་སྒྲིག་གཉེན་འཚོལ་དང་གར་སྟེགས་གཅིག་ཏུ་འཁྲབ་སྟོན་བཅས་བྱས་ནས་ཐུན་མོང་ཐོག་ཁྲུང་ཆིན་དང་ཆབ་མདོའི་བརྩེ་བ་ཟབ་མོའི་ལེའུ་གསར་པ་རྩོམ་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཁྲུང་ཆིན་གྲོང་ཁྱེར་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ལས་དོན་རུ་ཁག་རུ་གཙོ་ཐེན་ཧའོ་བྱེད་སྒོ་ནང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཁྲུང་ཆིན་གྲོང་ཁྱེར་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ལས་དོན་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པར་རིན་ཐང་སྒོར་ཁྲི6.12རི་བའི་སློབ་སྦྱོང་དང་འཚོ་བའི་ཡོ་ཆས་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆ་སྒྲིག་གཉེན་འཚོལ་བྱུང་རྗེས། ལས་དོན་རུ་ཁག་གིས་ཁྱིམ་ཚང་ཚན་པར་བྱས་ཏེ་སློབ་སྦྱོང་འཚོ་བ་དང་། སེམས་ཁམས་ཁྲིད་སྟོན། གོམས་གཤིས་གསོ་སྐྱོང་སོགས་ཀྱི་ཐད་ལ་གནད་སྨིན་རོགས་སྐྱོར་དང་བརྩེ་བ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཁོར་ཡུག་བཟང་པོ་ཞིག་ལག་གདང་སྦྲེལ་ཏེ་གཏོད་ཡོད།
གོམ་སྟབས་རྗེས་མར། ལས་དོན་རུ་ཁག་གིས་གཅེས་སྐྱོང་རོགས་སྐྱོར་ཡུན་ཕན་སྒྲིག་སྲོལ་བཙུགས་ཏེ་བོད་སྐྱོར་རུ་མིའི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྦྲེལ་མཐུད་ཀྱིས་སེམས་ཁམས་གསབ་ཁྲིད་དང་བདེ་ཐང་སྨན་བཅོས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཞབས་ཞུ་བྱས་ཏེ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

