国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月06日

ཐང་གའི་ཚོན་རྩི་རི་མོས།

རིག་གནས་ལ་གསོན་ཤུགས་བསྩལ། འཛད་སྤྱོད་འཁྲུག་ཏུ་ཕྱིན།

ཐང་གའི་ཚོན་རྩི་རི་མོའི་རིག་གནས་གསར་གཏོད་ཐོན་ལས་མཉམ་འདུས་ཀྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི་སྤྱི་ལོའི་ལོ་གསར་གྱི་རིང་། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་མཛུབ་ཁྲིད་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ། གྲོང་ཁྱེར་ཐང་གའི་ཚོན་རྩི་རི་མོ་སྒྱུ་རྩལ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བའི་ཐང་གའི་ཚོན་རྩི་རི་མོའི་རིག་གནས་གསར་གཏོད་སྤེལ་རེས་དང་རིག་གནས་གསར་གཏོད་ཐོན་ལས་མཉམ་འདུས་དེ་ཁ་རུབ་ཆུས་སུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནང་རིག་གནས་འགྲེམས་སྟོན་དང་། སྤེལ་རེས་བགྲོ་གླེང་། འཛད་སྤྱོད་ཉམས་མྱོང་དང་དམངས་སྲོལ་སྤེལ་རེས་བཅས་གཞི་གཅིག་ཏུ་འཛོམས་ཡོད་པ་དང་། དེ་ནི་ཧྥུའུ་ཅན་དང་བོད་ལྗོངས་མཉམ་རེས་གཏིང་ཟབ་དང་། མངོན་མིན་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་རང་བཞིན་ལེགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་སྤེལ། རིག་གནས་ཡུལ་སྐོར་དང་ཚོང་ལས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁའི་ལག་ལེན་ཞིག་ཡིན་པས། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁེ་ཕན་མངོན་གསལ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། ཐང་གའི་ཚོན་རྩི་རི་མོ་འདིས་ཧྥུའུ་ཅན་དང་བོད་ལྗོངས་བར་གྱི་རིག་གནས་སྤེལ་རེས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲགས་རྟགས་ལ་གཟི་བྱིན་སྤྲས་པ་དང་། ཆབ་མདོའི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ཀྱི་སྐད་གྲགས་ཆོད་ཚད་དང་ཤན་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཐོན་ལས་ཀྱི་ནུས་པ་སླར་གསོ་བྱུང་ཞིང་རིག་གནས་ཀྱི་འཛད་སྤྱོད་ལ་ཐད་ཀར་སྐུལ་སྤེལ་ཐེབས་ཏེ་ས་གནས་ཀྱི་ལག་ཤེས་བཟོ་ལས་པ་དང་ཁེ་ལས། སྒྱུ་རྩལ་པར་ཁྲོམ་རའི་སྐར་ཁུང་དང་མཉམ་ལས་ཀྱི་གོ་སྐབས་ཤིག་མཁོ་འདོན་བྱུང་ཡོད།ཐེངས་འདིའི་བྱེད་སྒོ་ལེགས་གྲུབ་བྱུང་བ་དེ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་སྟོབས་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་ཚུལ་ཏན་ཏིག་མཚོན་པ་ཞིག་ཡིན་ལ། ཧྥུའུ་ཅན་དང་བོད་ལྗོངས་ས་གནས་གཉིས་ཀྱི་ག་སྦྱར་བོད་སྐྱོར་དང་རིག་གནས་མཉམ་ལས་གཏིང་ཟབ་གཏོང་བའི་གསོན་ཉམས་ལྡན་པའི་གཟུགས་བརྙན་ཞིག་ཀྱང་ཡིན། དེ་ནི་རིག་གནས་ཀྱི་གསོལ་སྟོན་ཐེངས་ཤིག་ཡིན་ལ། རིག་གནས་རིན་ཐང་གིས་དཔལ་འབྱོར་དང་། སྤྱི་ཚོགས་རིན་ཐང་ཕན་འབྲས་ལེགས་སྒྱུར་ཡོང་བའི་ཕྱོགས་སུ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་འཚོལ་ཞིབ་ཞིག་ཀྱང་ཡིན་པས། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་གཏོང་བའི་སྒུལ་ནུས་གསར་པ་གསོ་སྤེལ། གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གསོག་ཉར་བྱས་ཡོད་པ་རེད།