国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月06日

ཞི་ཅིན་ཕིང་གིས་ཚན་རྩལ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་དགོས།རྟེན་འབྲེལ་འཕྲིན་ཡིག

ཚན་རྩལ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བའི་མཚམས་འདིར། ཚགས་པར་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་རྟེན་འབྲེལ་ཞུ་གི་ཡིན།

ལོ་40ཡི་རིང་། ཚན་རྩལ་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། ཚན་རྩལ་སྲིད་ཇུས་གསལ་འགྲེལ། ཚན་རྩལ་གྲུབ་འབྲས་ཀྱི་གསར་འགྱུར་གཏོང་སྤེལ། ཚན་རིག་ཤེས་བྱ་ཁྱབ་གདལ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། འགོ་འཛུགས་ས་གསར་པར་ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། གཞི་རྟེན་དང་བྱ་ཐབས་གསར་གཏོད། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཚན་རྩལ་ལས་དོན་པའི་བསམ་འདུན་མཚོན་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བ་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད།

ཞི་ཅིན་ཕིང་།

2026ལོའི་ཟླ་1ཚེས་1ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚན་རྩལ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཚགས་པར་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་40ཡི་རིང་། ཚན་རྩལ་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། ཚན་རྩལ་སྲིད་ཇུས་གསལ་འགྲེལ། ཚན་རྩལ་གྲུབ་འབྲས་ཀྱི་གསར་འགྱུར་གཏོང་སྤེལ། ཚན་རིག་ཤེས་བྱ་ཁྱབ་གདལ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར་ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། གཞི་རྟེན་དང་བྱ་ཐབས་གསར་གཏོད། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཚན་རྩལ་ལས་དོན་པའི་བསམ་འདུན་མཚོན་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བ་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་དགོས།

ཚན་རྩལ་ཉིན་རེའི་ཚགས་པར་ནི་1986ལོའི་ཟླ་1ཚེས་1ཉིན་བཏོན་ཞིང་། ལོ་40ཡི་རིང་གི་འཕེལ་རྒྱས་བརྒྱུད། ཚགས་པར་དང་། དུས་དེབ། དྲ་ཚུགས། སྤྱོད་སྣེ་སོགས་ཁྱབ་སྤེལ་ལས་སྟེགས་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨྱན་སྦྱོར་ལས་ཁུངས་ཤིག་ཏུ་གྱུར་ཡོད་པ་རེད།