国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月02日

བྲག་གཡབ་རྫོང་ཨ་ཟུར་ཤང་དུ་ཏང་འཛུགས་སྐྱོང་གིས་འབྲོག་ཁུལ་ཤེས་དཔལ་ལ་རྣམ་པ་གསར་པ་འགྱུར་བར་སྣེ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོ་ནས་བཟུང་། བྲག་གཡབ་རྫོང་ཨ་ཟུར་ཤང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ8ལ“བཅུ་བྱས་པ་གཅིག་”གི་ཤེས་དཔལ་ལྡན་པའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ། སོ་དང་། ངོ་གདོང་སོགས་གཙང་མར་འཁྲུ་བ་དང་།གྱོན་གོས་བརྗེ་བ།གཙང་སྦྲ་བྱེད་པ་སོགས་ཀྱི་ལས་དོན་ནས་འགོ་བཙུགས་ཏེ། མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ལེགས་སུ་བཏང་བས། ད་ལྟ་ཨ་ཟུར་ཤང་ལ“བཙོག་ཟིང་ཞན”གསུམ་གྱི་རྣམ་པ་དེ་ཉུང་དུ་ཕྱིན་ཡོད་པ་རེད། གོམ་སྟབས་རྗེས་མར། ཨ་ཟུར་ཤང་གིས“བཅུ་བྱས་པ་གཅིག”གི་ཤེས་དཔལ་ལྡན་པའི་བྱེད་སྒོའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས། ཡུན་རིང་གི་ལམ་སྲོལ་བཙུགས་ཏེ། ཤེས་དཔལ་ལྡན་པའི་གོམས་གཤིས་སྐྱེད་སྲིང་དང་། གཞི་རིམ་ཏང་འཛུགས་སྐྱོང་།གྲོང་གསེབ་བཅོས་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པ་སོགས་ཀྱི་ལས་དོན་ལ་ཟུང་འབྲེལ་བྱས་ཏེ། འབྲོག་ཁུལ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།