国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月02日

སྟེང་ཆེན་རྫོང་གིས་ཆུ་འགྲམ་གྱི་གད་སྙིགས་རྣམས་གཙང་འཕྱགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས26ཉིན། སྟེང་ཆེན་རྫོང་གིས་ཆུ་འགྲམ་གྱི་གད་སྙིགས་གཙང་འཕྱགས་ཀྱི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་དེ་ནང་ཞུགས་མཁན་གྱི་མི་སྣ་ཚོས་སྐམ་པ་དང་གད་སྙིགས་བླུུགས་ས། འཇགས་མ་སོགས་ཀྱི་ཡོ་བྱད་ཁྱེར་ནས་ཆུ་འགྲམ་དང་དེ་བཞིན་ཆུ་ངོས་ཀྱི་འགྱིག་ཤོག་དང་བཏུང་ཆུའི་འགྱིག་དམ།ཤིང་སྐམ་པོ་སོགས་འཚོ་བའི་གད་སྙིགས་དང་ཆུ་ཁར་ལྡིང་བའི་གད་སྙིགས་ཕྱོགས་ཡོངས་ནས་གཙང་འཕྱག་བྱས་ཡོད་ལ། མི་ཚང་མས་ལས་བགོས་མཉམ་སྒྲུུབ་དང་།གཞོགས་འདེགས་དམ་ཟབ་བྱས་ཡོད་པས།ཆུ་འགྲམ་གྱི་ཁོར་ཡུག་གཙང་སྦྲ་ལེགས་སུ་ཕྱིན་པ་དང་།མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།