国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月02日

འཚམས་འདྲིའི་ཆུ་མོས་མི་སེམས་བརླན། རྐྱེན་ངན་བཅོས་པས་བདེ་འཇགས་བསྐྲུན།

གཡོན་གྱི་པར་འདི་ནི་ལྷོ་རོང་རྫོང་མི་དམངས་དྲག་ཆས་པུའུ་དང་། རྫི་ཐོ་གྲོང་རྡལ་མཉམ་འབྲེལ་གྱིས་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བཞིན་པ།

གོང་གི་པར་འདི་ནི་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྲོང་སྡོད་ལས་དོན་རུ་ཁག་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་རྒན་པར་འཚམས་འདྲི་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལོ་མཇུག་དང་ལོ་མགོར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས“མཇུག་བསྡུ་བརྟན་འཇགས་དང་། བདེ་འཇགས་འགན་ལེན། དམངས་འཚོར་ཕན་འདོགས་པ། ལེའུ་གསར་པ་རྩོམ་པ”བཅས་ཀྱི་ལས་དོན་གཙོ་བོར་དམིགས་ཏེ། ལོ་མཇུག་དང་ལོ་མགོའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ཏན་ཏིག་སྐུལ་འདེད་གཏོང་བཞིན་ཡོད།

རྫོང་སྲིད་གཞུང་ཆགས་སའི་རྫི་ཐོ་གྲོང་རྡལ་གྱིས་དགུན་དྲོད་འཚམས་འདྲིའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཚ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་འགན་སྲུང་བྱས་པ་དང་། དངོས་ཡོད་དཀའ་ངལ132ལེབ་བཤེར་དང་ཐག་གཅོད་ཐུབ་པ། སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་ནང་ཞུགས་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་གོ་དགུའི་ཡན་སླེབས་པར་བྱུང་བ་རེད། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན30བསྒྲགས་པ་དང་གྲང་འགོག་དེ་བཞིན་འཚོ་བའི་དངོས་ཟོག200སྤྲད་པ་རེད།