འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་རེའི་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་བརྒྱུད་རིམ་ཧྲིལ་པོའི་དོ་དམ་གྱི་གསབ་སྦྱོང་ཚོགས་འདུ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཐེངས་འདིའི་གསབ་སྦྱོང་གོ་སྐབས་སུ་བརྩིས་ཏེ། སློབ་སྦྱོང་ལ་བརྟེན་ནས་བསམ་བློར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་ལ་བརྩོན་པ། སྦྱངས་པ་གོ་ཆོད་པ་མཐའ་འཁྱོངས་བྱས་ཏེ། རིམ་པ་ཁག་གི་ལས་བྱེད་པས་རྣམ་གྲངས་དམ་འཛིན་དང་། རྣམ་གྲངས་ཤེས་པ། རྣམ་གྲངས་དོ་དམ། རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ཆེ་མོར་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་དམ་འཛིན་དང་། མ་འཇོག་སྐུལ་འདེད། བརྟན་པོའི་འཕར་སྣོན་བཅས་ཀྱི་འཐབ་ཇུས་རང་བཞིན་གཏིང་ཟབ་ཁོང་དུ་ཆུད་པར་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་དམིགས་གཏད་རང་བཞིན་ངོས་འཛིན་གང་ལེགས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྣམ་གྲངས་འཛུགས་སྐྲུན་དེ་དཔལ་འབྱོར་ལས་དོན་གྱི་འགག་རྩའི་གནས་བབ་ཐོག་འཇོག་དགོས། དཀའ་གནད་དང་འགག་ས་དམ་པོར་དམིགས་པ་དང་། མྱུར་ཚད་དང་། མ་འཇོག མཐུན་རྐྱེན་འགན་སྲུང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་ཕན་འབྲས་ཆེ་བའི་སྒོ་ནས་འཕེལ་རྒྱས་ཀྱི་འགག་མདོ་སེལ་དགོས། སྲིད་ཇུས་ཀྱི་ཁེ་ཕན་ལ་དམ་འཛིན་བྱས་ཏེ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་ཆེད་དོན་བུན་འཛིན་སོགས་ཀྱི་རྒྱབ་སྐྱོར་ཁ་ཕྱོགས་གནད་སྨིན་འབྲེལ་མཐུད་བྱེད་པ་དང་། དུས་ཐེངས་སྔོན་མའི་མ་དངུལ་སྤྱོད་ཤུགས་མགྱོགས་སུ་བཏང་ནས་སྲིད་ཇུས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་འགྱུར་བར་བྱེད་དགོས། “མིག་མངས་འགྲིག་སྐོར་གཅིག་གི”བསམ་བློ་བརྟན་པོར་བཙུགས་ཏེ། འགན་འཁྲི་ལྷུར་ལེན་དང་མཐུན་སྦྱོར་མཉམ་འགུལ། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
གསབ་སྦྱོང་རིང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་ཆེད་མཁས་པས་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་དོན་ཚན་སོགས་ཀྱི་ནང་དོན་ལ་གཞིགས་ཏེ་སློབ་ཚན་ཁྲིད་ཡོད།

