国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月02日

གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བཞིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ལས་དོན་གཙོ་གནད་ལ་བཀོད་སྒྲིག་བྱས་ཡོད་པ་རེད།

ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་མིག་སྔར་གྱི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ཁ་གསལ་བཏོན་གནང་བ་དེས། ང་ཚོས་སང་ལོ་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ཡིས་སླད་ཕྱིན་གྱི་ལོ་ལྔ་དང་དེ་བས་རིང་པའི་དུས་སྐབས་ཤིག་གི་ཆབ་མདོ་འཕེལ་རྒྱས་འགྲོ་བར་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སང་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་གཙོ་གནད་དང་ཞིབ་ཕྲའི་བྱ་ཐབས་འཆར་འགོད་ཏན་ཏིག་བཟོ་བ་དང་། འཕེལ་རྒྱས་དང་བདེ་འཇགས་སྔར་བས་སྤྱི་འདོམས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་བློ་བརྟན་འགྱུར་མེད་ཀྱིས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་ཤིང་།“རྒྱུད་གཅིག་ལམ་གཅིག”ཁྲོད་ཞབས་ཞུ་མཉམ་འདྲེས་ཐུབ་པ་དང་། རང་འགུལ་གྱིས་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་འཐབ་ཇུས་ལ་ཞབས་ཞུ་དང་འབྲེལ་མཐུད་བྱེད་པ། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སྒོ་དབྱེའི་བྱེད་ཤུགས་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ཚུར་ལེན་སྤྲད་པའི་གནད་དོན་ལ་དམ་པོར་དམིགས་ཏེ།“གསལ་ཐོ་གསུམ”གྱི་དོ་དམ་དོན་འཁྱོལ་ནན་ཏན་བྱེད་པ་དང་། དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐོར་ཞིབ་དག་ཐེར་ལ་བརྟེན་ནས་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།