国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月26日

གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས23ཉིན། གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱི་ཚོགས་ལས་དོན་དང་ཡིག་བསྐུར་ངོ་བཅར་ལས་དོན་ལ་གནང་བའི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ནན་ཏན་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་སྤྱི་ཚོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ་དང་ཡང་འབྲེལ་བ་ཡོད། སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བཟུང་ནས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་འགན་འཁྲིའི་ལས་འགན་ལ་དམ་པོར་དམིགས་པ། གཙོ་གནད་མངོན་གསལ་དོད་པོ་དང་གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྤྱི་ཡོངས་ནས་མཐོར་འདེགས་གཏོང་བ་དང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་།“གསར་གསུམ”གྱི་གཞི་ཁྱོན་ཆེ་རུ་གཏོང་བ། རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། དྲ་མིག་ཅན་གྱི་དོ་དམ་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ་དང་བཅོས་སྐྱོང་དམ་འཛིན་དང་བརྟན་ལྷིང་འགན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས། དུས་རབས་གསར་པའི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། “གནད་ལ་འཁེལ་བ་གསུམ་དང་ཐག་གཅོད་གཅིག”གི་རྩ་དོན་གཞིར་བཟུང་། སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཅེས་ནན་བཤད་གནང་ཡོད།