国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月26日

གྲོང་ཁྱེར་ཡོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས22ཉིན། གྲོང་ཁྱེར་ཡོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཆེད་དོན་ཚོགས་ཆུང་ཁག་གི་ལས་དོན་སྙན་ཞུ་གསན་པ་རེད།ཚོགས་འདུའི་ཐོག་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་འཁུར་བར་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས། ཞི་མཐུན། བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་བྱེད་པར་ངེས་པར་དུ་བརྟན་ཐོག་ཡར་འཕེལ་དང་། འཕེལ་ཐོག་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ཏེ་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་དགོས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྐྱེ་ཁམས་ཀྱི་ཐིག་དམར་ཨང་དང་པོ་ཡག་པོ་སྲུང་བ་དང་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས“ཆུ་བོ་གཉིས་དང་གཙང་པོ་གཅིག”གི་ཤར་ནུབ་ངོགས་ཀྱི་སྐྱེ་ཁམས་སླར་གསོའི་ལས་དོན་ཡག་པོ་སྒྲུབ་དགོས། མཐའ་མཚམས་སྟོབས་ཆེར་གཏོང་བའི་འགན་འཁྲི་ཨང་དང་པོ་དེ་ཁུར་ནས་ཆབ་མདོའི་འཐབ་ཇུས་འདེགས་སྐྱོར་དང་འགན་ལེན་རྟེན་གཞི་འཛུགས་སྐྲུན་གྱི་ངེས་གནས་ལ་དམིགས་ཏེ། བོད་ཀྱི་མཐའ་སྲུང་བདེ་འཇགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་གཏིང་ཟབ་དང་རྒྱལ་ཁབ་ཀྱི་རྒྱབ་ཕྱོགས་དགོས་མཁོ་དང་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡག་པོ་ཞིག་བྱེད་དགོས། ཏང་འཛུགས་སྐྱོང་གི་སྲིད་དོན་བྱས་རྗེས་ཨང་དང་པོ་ཡག་པོ་འཇོག་པ་དང་། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འཛུགས་སྐྱོང་ཆེན་པོ་དྲུག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གིས་འགོ་འཁྲིད་རྒྱུ་དེ་ཆབ་མདོའི་ལས་དོན་གྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།