ཚེས12ཉིན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་ལས་དོན་ཕྱོགས་བསྡོམས་དང་སྐབས་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་རིམ་པའི་མཐའ་སྡུར་ཁྲོད་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གཟེངས་བསྟོད་བྱས་པ་མ་ཟད། གཞན་ད་དུང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་ཕུལ་བྱུང་སྒྲིག་འཛུགས་པའི་འཐུས་མི་གདན་དྲངས་ཏེ་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་ཡོད།
“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ཇི་ལྟར་བྱས་ཏེ་ལེགས་གྲུབ་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་འབྲེལ་འདྲིས་ཀྱི་བྱ་ཐབས་སྤྱད་དེ་དམངས་སེམས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་དམངས་ཡོངས་ཀྱི་ཡར་བརྩོན་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ། འཚོ་བར་གཞི་ཚུགས་པ་དང་མང་ཚོགས་དང་ཉེ་བར་བཅར་ན་གཞི་ནས་དྲང་ནུས་བརྒྱུད་སྤེལ་ཐུབ་ཅིང་ཡར་བརྩོན་དེ་ཉིད་བྱ་སྤྱོད་ཀྱི་སྟོབས་ཤུགས་སུ་འགྱུར་ཐུབ།
མི་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན་པ་དང་། མང་ཚོགས་དང་ཉེ་བར་བཅར་བའི་གཞི་རྟེན་ནི་མི་སེམས་སྦྲེལ་བྱེད་ཀྱི་ཟམ་གདུང་དེ་ཡིན། ཐེངས་འདིའི་འགྲན་སྡུར་གྱི་གར་སྟེགས་ནི་ཚོགས་འདུ་ཁང་དང་ཚོགས་ཁང་ཆེ་མོ་ལྟར་མ་ཡིན་པར་ཤང་གྲོང་གི་ཐང་ཆེན་དང་གྲོང་ཚོའི་བར་སྟོང་དུ་ཡིན་ལ། བདམས་ཐོན་པ་ཡང་རྒན་དར་གཞོན་གསུམ་ཡོད། ཐེངས་འདིའི་འགྲན་སྡུར་ཁྲོད་སེམས་འགུལ་ཐེབས་ཆེ་ཤོས་ནི་འགྲན་སྡུར་དང་ལས་སྒྲུབ་གཉིས་ཟུང་འབྲེལ་བྱེད་པ་དེ་ཡིན། མང་ཚོགས་ཀྱིས“འགྲན་སྦྱོང་བསྙེག་བརྒལ”ཁྲོད་ནས་འཇོན་ཐང་ངོམ་ཞིང་ཁེ་ཕན་དངོས་ཐོབ་པ་དང་། འབབ་འཕར་གྱི་དཀའ་གནད་སེལ་ཞིང“སྒུག་བརྟེན་སློང་གསུམ”གྱི་སྒྱིད་ལུག་མེད་པར་བཏང་ནས“ངས་སྒྲུབ་ཐུབ་པ་དང་ང་ཡིས་སྒྲུབ་དགོས་པའི”ཡིད་ཆེས་རྙེད་ཡོད།
མང་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་འགྲན་སྡུར་ནང་སྒྲིག་ཁྲིམས་སྒྲིག་སྲོལ་དེ་ནང་གི་བྱ་སྤྱོད་ཀྱི་གོམས་གཤིས་དང་མཐུན་སྒྲིལ་ཡར་བརྩོན་དེ་ཕྱིའི་རང་འགུལ་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ། “ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་རྒྱུ”དེ་བསམ་བློའི་ངོས་འཛིན་ནས་འཚོ་བའི་རྒྱུན་རྣམ་དུ་འགྱུར་བར་བྱས་ཡོད།

