འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས22ཉིན་གྱི་སྔ་དྲོར། སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས12པ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་གཙོ་སྐྱོང་ཞུས་ཡོད།
ཧུའུ་ཏན་ཧྥུའུ་ཡིས་ལོ་མཇུག་ཏུ་སླེབས་ལ་ཉེ་བས། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཀྱི་འགན་ནུས་ལ་གཞི་ཚུགས་པ་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་རང་རྟོགས་ངང་ཞབས་འདེགས་ཞུས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་འཇུག་པ་བྱེད་དགོས། གསང་སྲུང་བདེ་འཇགས་ཀྱི་སྒྲིག་སྲོལ་མ་ཐིག་ནན་པོར་སྲུང་ནས་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་འགན་སྒྲུབ་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་དགོས། སྤྱི་ཚོགས་བཅོས་ཀྱོང་གི་རྣམ་བཤད་གལ་ཆེན་གནད་སྨིན་ལག་བསྟར་བྱས་ཏེ་གྲོས་མོལ་གྱི་ལམ་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་ཡོངས་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པའི་དགོངས་དོན་ལག་བསྟར་བྱས་ཏེ། ལྟེ་བའི་ལས་འགན་ལ་དམིགས་ཏེ་གནད་སྨིན་འགན་སྒྲུབ་བྱེད་དགོས། དེ་དང་ཆབས་ཅིག་ཏུ་རང་ངོས་ཀྱི་ལས་གནས་འགན་འཁུར་དང་ཟུང་འབྲེལ་བྱས་ཏེ་སྤེལ་རེས་དང་གྲོས་སྡུར་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ཞིབ་ཕྲའི་འགན་སྒྲུབ་བྱ་ཐབས་སུ་འགྱུར་བར་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་ཚེ་རིང་ནོར་བུ་གཉིས་ཀྱིས་སྤེལ་རེས་བྱས་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཅོན་དང་ཀྲང་ཝུན་ལིས་ཀྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

