ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པར“ ”ཅེས་པ་བརྗོད་དོན་གཙོ་བོའི་ཐེན་ཅིན་གྲོང་ཁྱེར་བོད་སྐྱོར་ལས་དོན་ཁག་བཅུ་གཅིག་པས་འཚམས་འདྲིའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་གནས་འདིར་སྤེལ་ཞིང་། གཞན་ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་ཐེན་ཅིན་བོད་སྐྱོར་དགེ་རྒན15ཡིས་བརྩེ་བ་དང་ལྷག་བསམ་བསྣམས་ཏེ་ཕན་བདེ་ཁང་གི་ཕྲུ་གུ་དང་མཉམ་དུ་དགའ་སྤྲོ་ཆེ་ཞིང་མཛེས་སྡུག་གི་ཉིན་མོ་ཞིག་ལ་རོལ་ཡོད་པ་རེད།
ཕྲུ་གུ་ཚོས་སྣ་མང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལེན་ཆེད། བྱེད་སྒོ་ཡིས་ཁྱད་ཆོས་ལྡན་པའི་ཉམས་མྱོང་སློབ་ཚན་ཆེ་མོ་ལྔ་བཀོད་སྒྲིག་བྱས་ཡོད་ཅིང་། བོད་སྐྱོར་དགེ་རྒན15ཚོགས་ཆུང་ཁག་ལྔར་བགོས་ནས་ཕན་བདེ་ཁང་གི་ཕྲུ་གུ་ཚོ་ཁྲིད་དེ་སྤྲོ་སྣང་ལྡན་པའི་སློབ་སྦྱོང་དང་འཚོལ་ཞིབ་ཀྱི་ལམ་བུ་བསྙེག་མགོ་ཚུགས་ཡོད།
འདི་ནི་མཛེས་རྩལ་སློབ་ཚན་ཐོག་ཕྲུ་གུ་ཚོས་རང་ཉིད་ཀྱི་བརྩམས་ཆོས་ཡར་བཀྱགས་ཏེ་གདོང་ལ་སྤོབས་པ་དང་བདེ་སྐྱིད་ཉམས་ཤིག་མངོན་ཡོད་པའི་རྣམ་པ་ཡིན་པ།

