国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月16日

ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི《གྲོས་གཞི》ལ་གྲོས་འཆམ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཟླ12པའི་ཚེས11ཉིན་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་རྒྱུས་ལོན་པ་ལྟར་ན། 《ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་ཚོགས་འདུས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐེངས་བཅོ་ལྔ་པའི་ལོ་ལྔའི་འཆར་འགོད་ཀྱི་འབྲེལ་ཡོད་གྲོས་གཞི(འཆར་ཟིན)》དངོས་སུ་གྲོས་འཆམ་བྱུང་།

《གྲོས་གཞི》ལས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ལ་ཆབ་མདོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི། ཏང་འཛུགས་སྣེ་ཁྲིད་འགན་སྲུང་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། མཐུན་སྒྲིལ་བརྟན་བརླིང་གི་ཆབ་སྲིད་དང་སྤྱི་ཚོགས་གནས་བབ་རྒྱུན་མཐུད་བརྟན་གཏོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ལེན་རྒྱུ། རབ་མཛེས་ཆབ་མདོ་འཛུགས་སྐྲུན་འཕེལ་རྒྱས་ཆེན་པོ་བྱུང་བ། མཐའ་བརྟན་མཐའ་སྲུང་ཐད་ཕན་ནུས་གསར་བ་ཐོན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་བ། ཚན་རྩལ་ནུས་བསྩལ་དཔལ་འབྱོར་ཆུ་ཚད་མཐོ་རུ་ཕྱིན་པ། ཏང་ཡོན་ལས་བྱེད་པས་ཧུར་བརྩོན་གྱིས་བྱ་གཞག་སྒྲུབ་པའི་འདུ་ཤེས་གཏིང་ཟབ་གྱུར་ཡོད་པར་བསྟན།

《གྲོས་གཞི》ཡིས་ཁྱབ་ཁོངས་བགོས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་ཆབ་མདོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་འགན་ཁུར་དང་ལག་ལེན་ཐབས་ལམ་བཀོད་སྒྲིག་བྱས་ཏེ། གཏིང་ཟབ་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཐུན་སྒྲིལ་བརྟན་བརླིང་གི་ཆབ་སྲིད་དང་སྤྱི་ཚོགས་རྣམ་པ་སྲ་བརྟན་དུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་གྱིས་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྨང་གཞི་བརྟན་གཏོང་། རྒྱུན་མཐུད་ངང་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འདེགས་སྐྱོར་འགན་སྲུང་མཁོ་འདོན་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་པར་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་སྤུས་གསར་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་གིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ནང་འདྲེས་པ། རང་འགུལ་གྱིས་འཕེལ་རྒྱས་གསར་བའི་རྣམ་པར་ཞབས་ཞུ་བྱེད་པ། ཁྱབ་ཁོངས་དཔལ་འབྱོར་རྣམ་པ་ལེགས་གཏོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྤྱི་ཆའི་ནུས་བ་ཤུགས་ཇེ་ཆེར་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་གསར་བ་བསྣན་པ། གྲོང་རྡལ་ཅན་གྱི་རྣམ་པ་གསར་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱུང་བར་གཅིག་གྱུར་སྐུལ་འདེད་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་མཐུན་སྦྱོར་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་གཏོང་བ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ནམ་ཡང་རྒྱུན་འཁྱོངས་བྱས་ནས། མཐའ་བརྟན་མཐའ་སྲུང་འདེགས་སྐྱོར་འགན་སྲུང་ནུས་བ་མཐོ་རུ་བཏང་སྟེ། མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད།