国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月16日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་ལས་དོན་ཕྱོགས་བསྡོམས་དང་སྐབས་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས12ཉིན། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་ལས་དོན་ཕྱོགས་བསྡོམས་དང་སྐབས་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་རིམ་པའི་མཐའ་སྡུར་ནང་བྱ་དགའ་ཐོབ་པའི་འགྲན་ཞུགས་པ་གཟེངས་བསྟོད་དང་བརྡ་ཁྱབ་བཏང་བ་དང་། བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་དང་ཕུལ་བྱུང་སྒྲིག་འཛུགས་བྱེད་མཁན་གྱི་འཐུབ་ཚབ་པས་སྤེལ་རེས་གཏམ་བཤད་བྱས་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲོང་ཅིན་སུང་གིས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བའི་ཚུན་དུ། མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་སྤྲོས་དང་དུ་ལེན་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་གཟེངས་བསྟོད་ཐོབ་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། བྱེད་སྒོ་ནི་གྲོང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་སྲོལ་འབྱེད་རང་བཞིན་གྱི་བྱ་ཐབས་ཤིག་ཡིན་ལ། སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བ་དང་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པའི་དོན་སྙིང་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་རྩ་བའི་འགག་རྩ་དམ་འཛིན་བྱས་ཤིང་། བརྟན་ལྷིང་དང་འཕེལ་རྒྱས། ལྟོ་གོས་འགན་ལེན་དང་བསམ་བློ་སྟངས་འཛིན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་བཅས་གཅིག་གྱུར་དམ་ཚགས་བྱུང་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་བྱེད་སྒོ་འདི་ཉིད་གོ་ཆོད་སྟེགས་བུ་དང་རྩ་བཅོས་བྱ་ཐབས་ཤིག་ཏུ་བརྩིས་ཏེ། ཆབ་སྲིད་རང་བཞིན་ཁོང་དུ་ཆུད་པ་དང་། མི་དམངས་རང་བཞིན་འབུར་དུ་ཐོན་པ། ལག་ལེན་རང་བཞིན་སྣང་ཆེན་བྱེད་པ། འཐབ་རྩོད་རང་བཞིན་མངོན་པ། སྒྲིག་འཛུགས་རང་བཞིན་ཆེ་རུ་གཏོང་བ་དང་། ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་དང་གཞི་རྟེན་གསར་གཏོད་བྱས་ཏེ། “དམར་མདངས་ཆབ་མདོའི”གྲགས་རྟགས་སྔར་བས་འོད་མདངས་རྒྱས་ཤིང“དར་རྒྱས་ཡར་བརྩོན”སྒུལ་ནུས་དེ་བས་ནུས་པ་ལྡན་པར་བྱེད་དགོས། ལས་ཀའི་འགན་འཁྲི་སྔར་བས་ནན་དཀྲི་བྱས་ཏེ། འགན་ནུས་ལེགས་སྒྱུར་དམ་འཛིན་དང་གྲུབ་འབྲས་ལེགས་སྒྱུར་སྐུལ་འདེད་བཅས་བཏང་ནས་ཉེ་གམ་གྱི་མི་དང་དོན་དག་གིས་ཆབ་མདོའི་གཟི་བརྗིད་གཏོད་དེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་ཡོད།