国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

གནས་ཚད་གསར་པ་གཏན་འཁེལ་བྱེད། དངོས་སྒྲུབ་ཐོག་ནས་རྒྱང་ལམ་བསྐྱོད།

ཟླ12ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་འཚོགས་པ་རེད། འདི་ནི་གྲོང་ཁྱེར་ཡོངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན།

ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་། ཚོགས་ཞུགས་མི་སྣས་ནན་ཏན་གྱིས་གསན་ཞིང་ཟིན་བྲིས་བཀོད་པ་དང་དུས་ཐོག་ཏུ་བསམ་གཞིག་གཏོང་གིན་ཡོད། ཚང་མས་ཚོགས་འདུའི་དགོངས་དོན་དང་ལས་ཀའི་དོན་དངོས་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ཏེ། བསམ་བློའི་སྤེལ་རེས་ཁྲོད་ནས་རིག་པ་གཅིག་ལ་སྒྲིམ་པ་དང་། ནུས་ཤུགས་གཅིག་ལ་འདོན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད། ཚོགས་ཞུགས་མི་སྣ་ཚོས་སྙན་སྒྲོན་དང་དེ་བཞིན《“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་འགོ(གྲོས་བསྡུར་མ་ཟིན)》དང《གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་2025ལོར་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་ཁག་བགོས་ནས་གྲོས་སྡུར་བྱས་པ་རེད།

ཚོགས་ཞུགས་མི་སྣ་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཧུར་ཐག་གིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི“ཨར་ལས་དཔེ་རིས”དེ“དངོས་ལྗོངས་དཔེ་རིས”སུ་འགྱུར་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།