国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ཏེ།

ཆབ་མདོ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་རྒྱ་སྐྱེད་བཟོ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས8ཉིན། གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཆབ་མདོ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་རྒྱ་སྐྱེད་བཟོ་བཅོས་ལས་དོན་སྙན་སེང་ལ་གསན་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་ཡིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་ཐེན་ཅིན་སློབ་ཆེན་འཛུགས་སྐྲུན་འཆར་འགོད་ཞིབ་འཇུག་སྤྱི་ཁྱབ་གླིང་གིས་ཆབ་མདོ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་རྒྱ་སྐྱེད་བཟོ་བཅོས་ལས་དོན་འཆར་འགོད་ཀྱི་ཇུས་གཞི་ངོ་སྤྲོད་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་དངོས་མང་བཤམས་སྟོན་ཁང་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ། མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཡིན། དུས་རབས་གསར་པར་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཆབ་མདོ་རང་ངོས་ཀྱི་འཕེལ་རྒྱས་དགོས་མཁོར་ཁ་གཏད་ན། དངོས་མང་བཤམས་སྟོན་ཁང་རྒྱ་སྐྱེད་དང་བཟོ་བཅོས་ལས་དོན་དེ་གཡོལ་ཐབས་མེད་པ་ཞིག་རེད། འབྲེལ་ཡོད་ཚན་པ་ཁག་གིས་ངེས་པར་དུ་ལས་དོན་འདིའི་དགོས་གལ་རང་བཞིན་དང་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ཏན་ཏིག་གི་བྱ་ཐབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཅེས་བསྟན།