国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

ཆབ་མདོའི་དམངས་གཉེར་ཁེ་ལས་ཀྱིས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་ནང་སྟོབས་ཤུགས་ཆེན་པོ་བཏོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུ་སྣེ་ཁྲིད་དུ་བཟུང་ཞིང་།“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁྲོམ་རའི་གསོན་ཤུགས་ལ་སྔར་བས་སྐུལ་སློང་བྱས་པས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་ལེགས་སུ་སོང་བ་དང་བརྟན་ཐོག་ཡར་བརྩོན་གྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། འཕེལ་རྒྱས་ཀྱི་བརྒྱུད་རིམ་དེའི་ནང་དམངས་གཉེར་ཁེ་ལས་ནི་ཆབ་མདོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྔར་བྱུང་མ་མྱོང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་ཤིང་གསོན་ཤུགས་རབ་ཏུ་རྒྱས་པ་ཞིག་མངོན་ཡོད།

ཆབ་མདོ་གྲོང་ཁྱེར་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ། གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་བློ་ཞིབ་མོ་སྒོ་ནས་ཁེ་ལས་པར་ཐོ་འགོད་ཀྱི་སྟབས་བདེའི་བརྒྱུད་རིམ་དང་ཞིབ་མཆན་འགོད་པའི་ལེགས་སྒྱུར་སྲིད་ཇུས་འགྲེལ་བཤད་བསྐྱོན་གྱིན་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།“རྒྱལ་ཡོངས་གསལ་ཐོ་གཅིག”གི་དོ་དམ་བྱེད་སྟངས་ནན་ཏན་བརྩི་སྲུང་ཞུ་བ་དང་། གོམ་སྟབས་བརྟན་པོས“འཛིན་སྔོན་དཔང་རྗེས”སྒྱུར་བཅོས་སྐུལ་འདེད་བཏང་བ། གོ་རིམ་ཚང་མ་གློག་རྡུལ་ཅན་གྱིས་ཐོ་འགོད་དང་དྲ་ཐོག་ཏུ་ལས་ཀ་སྒྲུབ་པ་དང“ཆད་རུང་ཞིབ་མཆན་འགོད་པ”སོགས་གསར་གཏོད་ཞབས་ཞུ་བཅས་ལ་ཧུར་ཐག་སྐུལ་འདེད་བཏང་སྟེ། དོན་ངོ་མའི་ཐོག་ནས་ཆ་འཕྲིན་གྱིས་ལས་ཀ་བསྒྲུབས་ནས་མང་ཚོགས་གང་སར་རྒྱུག་མི་དགོས་པར་བྱས་ཡོད།

མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་དུ་གཉེར་སྐྱོང་གཙོ་གཞིའི་ཁྱིམ་ཚང62787ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར1381.92ཟིན་ནས་དུས་མཉམ་ལས་སོ་སོར9.02%དང11.48%འཕར་ཡོད་ཅིང་། དེ་ལས་ཁེ་ལས་ཀྱི་ཁྱིམ་ཚང་ཁྱོན13688ཡོད་པ་དང་དམངས་གཉེར་ཁེ་ལས་ཀྱི་དུད་ཁྱིམ11278སླེབས་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་གྲངས་འབོར་གྱི82.39%ཟིན་ནས་དམངས་གཉེར་ཁེ་ལས་ནི་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཁ་བྲལ་ཐབས་མེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།