国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月09日

ཆབ་མདོ་མཐོ་འབྲིང་དང་པོའི“མི་རིགས་མཐུན་སྒྲིལ་ང་ཡིས་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“12·9”སྙིང་སྟོབས་ནམ་ཡང་རྒྱུད་འཛིན་བྱེད། མི་རིགས་མཐུན་སྒྲིལ་ལེའུ་གསར་པ་རྩོམ། ཟླ12པའི་ཚེས5ཉིན། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲྭའི་ར་སྐོར་ནང་དུ་གླུ་སྒྲ་རྣ་བར་སྙན་ཞིང་། བྲོ་གར་གྱི་སྟང་སྟབས་མིག་ལ་མཛེས། 2025ལོའི“མི་རིགས་མཐུན་སྒྲིལ་ང་ཡིས་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གནས་འདིར་སྤེལ་ཞིང་། སྒྱུ་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་གི་ཆེད་དོན་ཚོགས་ཆུང་གཞུང་དོན་ཁང་གིས་གཙོ་སྒྲུབ་དང་། གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་བཅས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན། དེ་ནི“12·9”ལས་འགུལ་ལ་རྗེས་དྲན་ཟབ་མོ་བྱེད་པ་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སློབ་རར་བསྐྱོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན།

འཁྲབ་སྟོན་ཡུལ་དངོས་སུ། སྒྲ་གདངས་ཉིས་སྡེབ་གླུ་གཞས《སེའུ་འབྲུ་དྲན་བྱུང》ལས་མི་རིགས་ཁག་བར“སེའུ་འབྲུའི་འབྲུ་རྡོག་ལྟར་དམ་པོར་འབྲེལ་བའི”བརྩེ་བ་ཟབ་མོ་དབྱངས་སུ་གྱེར་ཞིང་། ཞབས་བྲོ《བཀྲ་ཤིས་པའི་སྐོར་བྲོ》ཡིས་མི་རིགས་ཀྱི་གཟབ་མཆོར་ལུས་ལ་བརྒྱན་པའི་འཁྲབ་སྟོན་པ་ཚོས་སྤྲོ་དགའི་ཉམས་འགྱུར་གྱི་ཐོག་ནས་ཆབ་མདོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཛེས་པ་མངོན་པར་བྱས་ཡོད་པ་དང་། གླུ་བྲོ་གཉིས་ལྡན《བཀྲ་ཤིས་ཉི་མ》ཡིས་མི་རིགས་ཀྱི་གོམས་སྲོལ་དང་དུས་རབས་ཀྱི་ཉམས་འགྱུར་དེ་བས་མཚོན་པར་བྱས་ཡོད།