国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月09日

སྟེང་ཆེན་གྱི་རྫ་ཆས་སྒྱུ་རྩལ་བྱེད་སྒོ་ཡིས།

མངོན་མིན་ཤུལ་གཞག་རྒྱུད་འཛིན་བྱེད། མཉམ་སྒྲུབ་བྱས་ཏེ་དུས་བཟང་ཤར།

ཟླ12པའི་ཚེས5ཉིན། སྟེང་ཆེན་རྫོང་གིས“སྟེང་ཆེན་རྫ་མས་དམངས་ཡོངས་བསུ། ལག་གདང་སྦྲེལ་ཏེ་བཟོ་རྩལ་སྤེལ”ཞེས་པའི་དམངས་ཡོངས་ཀྱི་རྫ་ཆས་སྒྱུ་རྩལ་བཟོ་པའི་བྱེད་སྒོ་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ཡིས་མངོན་མིན་ཤུལ་བཞག་རྒྱུད་འཛིན་བྱ་རྒྱུ་གཙོ་བོར་བཟུང་ཞིང་། ཐུན་མོང་མ་ཡིན་པའི་བརྒྱུད་རིམ་ཁག་བརྒྱད་གསར་འཛུགས་བྱས་ཏེ་རིག་གནས་རྒྱུད་འཛིན་བྱེད་པར་ཟབ་ཚད་ཡོད་པ་མ་ཟད་དྲོད་ཚད་ཀྱང་ཡོད་པ་རེད།

▲ཕྲུ་གུ་ཚོས་རྫ་ཆས་སྒྱུ་རྩལ་བཟོ་མགོ་བརྩམས་བཞིན་པ།

◀ མ་བུ་གཉིས་ཀྱིས་རྫ་ཆས་སྒྱ་རྩལ་དངོས་པོ་བཟོ་བཞིན་པ།